རྒྱ་གཞུང་གིས་ཕྱི་རྒྱལ་བ་ཚོར་སྲུང་སྐྱོབ་ཟབ་ཏུ་གཏང་རྒྱུ།

རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་བ་ཚོར་སྲུང་སྐྱོབ་ཟབ་ཏུ་གཏོང་རྒྱུ་ཡིན་ལུགས་བརྗོད་འདུག

༄༅༎བོའོ་ཤིའི་ལའི་བཟའ་ཟླས་ཨིན་ཇི་ཚོང་པ་ཞིག་བསད་པའི་གནས་ཚུལ་ཐོན་པའི་རྗེས། རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་བ་ཚོར་སྲུང་སྐྱོབ་ཟབ་ཏུ་གཏོང་རྒྱུ་ཡིན་ལུགས་བརྗོད་འདུག  
བོའོ་ཤིའི་ལའེ་གནས་དབྱུངས་བཏང་བའི་རྗེས་ནས་དེ་སྔོན་དབྱིན་ཇིའི་ཚོང་པ་ནིལ་ལྐོག་བསད་བཏང་བ་དང་འབྲེལ་བ་ཡོད་ལུགས་ཀྱི་གླེང་སློང་འབྱུང་བཞིན་པར་བརྟེན། ཁ་སང་ཕྱི་ཚེས་༢༡་ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་རྒྱུད་ལམ་གྱི་དབྱིན་ཡིག་ཚགས་ཤོག་ཐོག  གྲུང་ཆིང་གྲོང་ཁྱེར་སྤྱི་བདེ་ལས་ཁང་གི་དཔོན་རིགས་ཤིག་གིས་བརྗོད་པ་ལུང་དྲེན་བྱས་ཏེ། དབྱིན་ཇིའི་མི་སེར་ནིལ་རྐྱེན་འདས་སུ་ཕྱིན་པའི་གྱོད་དོན་དེ་ཧ་ཅང་མཐོང་དཀོན་པའི་གྱོད་གཞི་ཞིག་ཡིན་པ་དང་།  ང་ཚོས་ཁོང་དོན་རྐྱེན་བརྟག་དཔྱད་ཡག་པོ་བྱེད་དེ། གྲུང་ཆིང་ནང་དུ་ཡང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་གཞན་དང་དྲ་བར།  ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་དང་ཚོང་པ་དང༌། སློབ་ཕྲུག་སོགས་ལ་མ་འོངས་པར་སྲུང་སྐྱོབ་ཀྱི་ལས་དོན་ཚགས་ཚུབ་ཏུ་གཏང་རྒྱུ་ཡིན་ལུགས་བརྗོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org