རྒྱ་རིགས་ལིའུ་ཤའོ་ཕུའུ་གློད་འགྲོལ་དགོས་པའི་དགོས་འདུན།
རྒྱ་ནག་གཞུང་གིས་རྩོམ་པ་པོ་ལིའུ་ཤའོ་ཕུའུ་གློད་བཀྲོལ་དགོས་པའི་ལས་འགུལ་དེའི་ནང་པའི་བོད་མིའི་ཚོགས་སྡེ་ཁག་གིས་མཉམ་བཞུགས་གནང་བ།
-
2008-12-26 -
-
-
༄༅༎ཉེ་ཆར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་སྔ་ནུབ་ཏུ་རྒྱ་ནག་ནང་གི་ལས་རིགས་འདྲ་མིན་གྱི་མི་གྲངས་གསུམ་རྒྱ་གསུམ་གྱིས་༢༠༠༨ལོའི་རྩ་འཛིན་ཞེས་པའི་རྒྱ་ནག་གི་སྲིད་དོན་ལམ་ལུགས་ལ་བསྒྱུར་བཅོས་དང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་ཐོབ་ཐང་སོགས་ལ་བརྩི་སྲུང་དགོས་པའི་དོན་ཚན་དཅུ་དགུ་འཁོད་པ་ཞིག་དྲ་རྒྱའི་ཐོག་ནས་ཕྱིར་བསྒྲགས་བྱས་ཡོད་པ་དང་རྩ་འཛིན་དེའི་ཐོག་ཐོག་མའི་ས་རྟགས་བཀོད་མཁན་གྱི་གྲས་རྒྱ་ནག་ནང་ཡོད་པའི་སྙན་གྲགས་ཆེ་བའི་རྩོམ་པ་པོ་ལིའུ་ཤའོ་ཕུའུ་རྒྱ་ནག་གཞུང་གིས་རྩ་འཛིན་དེ་ཕྱིར་བསྒྲགས་མ་བྱས་སྔོན་དུ་འཛིན་བཟུང་བྱས་ཡོད་པར་བརྟེན་འཛམ་གླིང་ས་ཕྱོགས་གང་སར་དེང་སྐབས་རྩོམ་པ་པོ་ལིའུ་ཤའོ་ཕུའུ་གློད་བཀྲོལ་དགོས་པའི་མཐོ་རླབས་ཤིག་འཕྱུར་བཞིན་ཡོད་པ་ལྟར་བཙན་བྱོལ་ནང་ཡོད་པའི་བོད་མིའི་ཚོགས་སྡེ་ཁག་ཅིག་གིས་ཀྱང་༢༠༠༨ལོའི་རྩ་འཛིན་དེའི་ཐོག་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་གནང་ནས་རྒྱ་ནག་གཞུང་གིས་རྩོམ་པ་པོ་ལིའུ་ཤའོ་ཕུའུ་གློད་བཀྲོལ་དགོས་པའི་ལས་འགུལ་དེའི་ནང་མཉམ་བཞུགས་གནང་ཡོད་པ་རེད།
དེ་ཡང་བཙན་བྱོལ་ནང་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་དགུ་བཅུ་གསུམ་བཙོན་པ་ཟུར་པའི་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལག་ཀྱིས་གསུང་ན་ང་ཚོས་༢༠༠༨རྩ་འཛིན་ཞེས་པར་རྒྱབ་སྐྱོར་བྱེད་དགོས་དོན་ནི་དམངས་གཙོའི་བསྒྱུར་བཅོས་ལས་དོན་ལ་སྐུལ་མ་བཏང་བ་མ་ཟད་རྒྱ་ནག་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་རྒྱུའི་ནང་དོན་འཁོད་པའི་རྩ་འཛིན་ཞིག་ཡིན་པར་བརྟེན་ནས་རྒྱབ་སྐྱོར་ཞུ་གི་ཡོད་པ་དང་ཕྱོགས་མཚུངས་རྩ་འཛིན་དེའི་ཐོག་ས་རྟགས་འཁོད་མཁན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་བཞིན་པའི་རྒྱ་ནག་གི་རྩོམ་པ་པོ་ལིའུ་ཤའོ་ཕུའུ་རྒྱ་ནག་གཞུང་གིས་ཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།