རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་བོད་མི་ཁག་ཅིག་གིས་ངོ་རྒོལ།
རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་བོད་མི་ཁག་ཅིག་གིས་ངོ་རྒོལ་གྱི་ལས་འགུལ་ཞིག་བོད་རང་བཙན་དྭངས་བླངས་གཞོན་ནུ་ཚོགས་པས་གོ་སྒྲིག་བྱས་པ།
-
2009-01-03 -
-
-
༄༅༎ཕྱི་ཟླ་དང་པོའི་ཚེས་གཉིས་ཉིན་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་བོད་མི་ཁག་གཅིག་གིས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག་པ་དང་ལས་འགུལ་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱེད་པའི་བོད་རང་བཙན་དྭངས་བླངས་གཞོན་ནུ་ཟེར་བ་དེས་གོ་བསྒྲིགས་བྱས་པ་ཞིག་ཡིན་འདུག
ཚོགས་པ་དེའི་ཚོགས་གཙོ་ཤེས་རབས་ཚེ་རྡོར་ལགས་ཀྱིས་རྒྱ་གར་མི་དམངས་ཀྱིས་བོད་ཀྱི་གནས་ཚུལ་ཤེས་རྟོགས་གོང་མཐོར་གཏང་ཆེད་རྒྱ་གར་གྱི་ས་གནས་མི་འདྲ་བ་ལྔ་བཅུའི་ནང་ལས་འགུལ་གོ་བསྒྲིགས་གནང་རྒྱུ་ཡིན་པ་གསུངས་འདུག
བོད་རང་བཙན་དྭངས་བླངས་གཞོན་ནུའི་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ལ་སོགས་པ་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་བོད་དོན་ཐད་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་བྱེད་དགོས་པ་དང་རྒྱ་ནག་གཞུང་ཕྱོགས་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོས་བོད་ཀྱི་སྲིད་དོན་གྱི་བཙོན་པ་ཡོངས་རྫོགས་གློད་འགྲོལ་དགོས་པ།ལྷག་བསམ་རྣམ་དག་གི་ཐོག་ནས་བོད་རྒྱ་ཞི་མོལ་མཇུག་སྐྱོང་བྱ་དགོས་རྒྱུ་སོགས་ཀྱི་དགོས་འདུན་བཏོན་བཞིན་ཡོད་པ་རེད༎