བོད་མི་སྐྱབས་བཅོལ་བ་ཚོ་སྐྱབས་བཅོལ་བ་གཞན་ལས་ལྷག་ཡིན་པས་བསྡུར་ས་མེད།

རྒྱ་གར་གྱི་དཔོན་རིགས་ཞིག་གིས་བོད་མི་ཚོར་མཐུན་རྐྱེན་སྦྱོར་སྤྲོད་དང་དེ་མིན་གྱི་ཆ་རྐྱེན་སྤྲོད་ཕྱོགས་སྐྱབས་བཅོལ་བ་གཞན་དང་འདྲ་གི་མ་རེད་ཅེས་བརྗོད་འདུག

བོད་དང་རྒྱ་གར་གྱི་ས་འབྲེལ་རྟ་དབང་ཕྱོགས་ཀྱི་ས་ཁྲ།

རྒྱ་གར་གཞུང་འཛིན་(BJP)་ཆབ་སྲིད་ཚོགས་པའི་དཔོན་རིགས་ཞིག་གིས་བོད་མི་ཚོར་མཐུན་རྐྱེན་སྦྱོར་སྤྲོད་དང་དེ་མིན་གྱི་ཆ་རྐྱེན་སྤྲོད་ཕྱོགས་སྐྱབས་བཅོལ་བ་གཞན་དང་འདྲ་གི་མ་རེད་ཅེས་བརྗོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ཉི་མའི་ཉིན་ཨ་རུ་ནྰ་ཅལ་མངའ་སྡེའི་ཁྱབ་ཁོངས་ཀྱི་(BJP)་ཆབ་སྲིད་ཚོགས་པའི་འགན་འཛིན་གཞོན་པ་(Dominic Tadar)་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཞིག་སྤེལ་བའི་ནང་། ཁོང་གིས་མངའ་སྡེའི་གཞུང་གིས་འདས་པའི་དུས་ཡུན་རིང་ལ་རྒྱ་གར་དབུས་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་གཏན་འབེབས་བྱས་པའི་གཞུང་གི་སྲིད་ཇུས་ལ་གཞི་འཛིན་པ་མ་གཏོགས་ཨ་རུ་ནྰ་ཅལ་ཁྱབ་ཁོངས་ནང་གི་སྐྱབས་བཅོལ་བ་དང་། ཡང་ན་ཕྱི་རྒྱལ་ཀྱི་གཞིས་སྤོ་གང་ཞིག་གི་གནད་དོན་ཐད་ལ་རྒྱབ་གཉེར་རྩ་ནས་བྱེད་ཆོག་གི་མེད་ཅིང་། བོད་མི་སྐྱབས་བཅོལ་བའི་གནད་དོན་དེ་བཞིན་༧གོང་ས་ཏྰ་ལའི་བླ་མ་མཆོག་གི་དབུས་བོད་མིའི་ངལ་སེལ་ཚོགས་ཆུང་དང་། རྒྱ་གར་གཞུང་ཕྱོགས་ནས་སྐྱབས་བཅོལ་ཀྱི་གནད་དོན་སྐོར་ལ་ཕྱག་ལས་གནང་མཁན་དབུས་གཞུང་གི་ཚོགས་ཆུང་དང་གོ་བསྡུར་གནང་པའི་ཐོག་མཉམ་ལས་གོ་སྒྲིག་གནང་བཞིན་བ་ཞིག་ཡིན་ཞེས་གསུངས་འདུག
སྲིད་འཛིན་(Modi)་གཞུང་གིས་༢༠༡༤་ལོའི་བོད་མིའི་མཐུན་རྐྱེན་སྤྱོར་སྤྲོད་ཀྱི་སྲིད་བྱུས་ཞེས་པ་གཏན་འབེབས་བྱས་པ་དེ་ནི་ད་ཡོད་གནས་བཞིན་པའི་བོད་མི་ཚོར་འཛིན་པའི་སྲིད་བྱུས་དེ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་ཞིག་བཏོན་ཡོད་པ་རེད་ཅེས་བརྗོད་པ་དང་། སྲིད་བྱུས་ལམ་སྟོན་སྤེལ་ཕྱོགས་ལ་གཞིགས་ན། བོད་མི་ཚོ་དཔལ་འབྱོར་དང་འབྲེལ་བའི་བྱ་འགུལ་གང་ཞིག་ཡིན་ནའང་སྒྲུབ་ཆོག་པའི་རྣམ་པ་བཟོ་བཞིན་འདུག ཡིན་ནའང་མཐུན་རྐྱེན་སྤྱོར་སྤྲོད་ཀྱི་ལས་དོན་དེ་དག་ཆ་ཚང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངལ་སེལ་ཚོགས་ཆུང་གིས་གནང་པའི་བོད་མིའི་སྐྱབས་བཅོལ་ལག་དེབ་ཡོད་མཁན་གཅིག་པུར་གནང་གི་རེད་ཅེས་སོགས་བརྗོད་འདུག  
ཨ་རུ་ནཱ་ཅལ་མངའ་སྡེ་ནི་རྒྱ་གར་ནང་བོད་མི་བཙན་བྱོལ་བ་འདུས་སྡོད་བྱ་ཡུལ་ཆེ་ཤོས་བཞི་པ་དེ་ཆགས་ཡོད་པ་དང་། དེའི་ནང་མེའོ་དང་། ཏེ་ཛུ།  ཀྲུ་ཀྲིང་། བསྟན་འཛིན་སྒང་བཅས་བོད་མིའི་གཞིགས་ཆགས་ཡོད་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org