ཨོསོཊེལི་ཡ་ནང་གི་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ།
ཨོ་སེ་ཊེ་ལི་ཡའི་རྒྱལ་ས་ཀེན་སྦེ་ར་དུ་རྒྱལ་སའི་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ལས་ཁང་མདུན་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
-
2011-12-10 -
-
-
༄༅༎ཨོ་སེ་ཊེ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་ཡི་ནང་ཉེ་ཆར་གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་གཞོན་ནུ་ཚོགས་པ་དང་བོད་ཀྱི་བེུད་ལྷན་ཚོགས་ཤིག་ཆེད་བཙུགས་གནང་ཡོད་པ་མ་ཟད་ད་རེས་ཚོགས་པ་དེ་གཉིས་དང་བོད་རང་དབང་སློབ་ཕྲུག་ཚོགས་པ་དེ་བཞིན་ས་གནས་བོད་མི་ཚོས་ཟུང་འབྲེལ་ཐོག་ནས། རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཆེད་ཨོ་སེ་ཁྲོལ་ལི་ཡའི་རྒྱལ་ས་ཀེན་སྦེ་ར་དུ་ཆེད་བསྐྱོད་བྱས་ཏེ་དེ་གར་ཚེས་༡༠་ཉིན་རྒྱལ་སྤྱིའི་འགྲོི་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཉིན་མོ་དང་སྟབས་བསྟུན་ནས། རྒྱལ་སའི་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ལས་ཁང་མདུན་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ནས་བོད་ནང་རྒྱ་ནག་གཞུང་གིས་བོད་ཨ་མདོ་རྔ་པ་ཀི་རྟི་དགོན་པ་སོགས་ཀྱི་ཕྱི་ནང་དྲག་པོའི་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་ཏེ་བོད་མི་རྣམས་ལ་དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་མཚམས་འཇོག་དགོས་པའི་སྐོར། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད།