སྟོད་མངའ་རིས་ཁུལ་དུ་གནས་རབས་དངོས་རྫས་རྐུ་མ་ཤོར་བ།
སྟོད་མངའ་རིས་ཁུལ་དུ་རྒྱ་མི་མང་པོ་ཞིག་དང་མཉམ་དུ་བོད་མི་ཚོ་ཡང་ཡོང་སྟེ་བོད་ཀྱི་གནའ་རབས་ཀྱི་དངོས་རྫས་རྣམས་རྐུ་མ་རྒྱབ་ཀྱི་ཡོད་པ།
-
2009-07-31 -
-
-
༄༅༎བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན་སྟོད་མངའ་རིས་ཁུལ་དུ་རྒྱ་མི་མང་པོ་ཞིག་དང་མཉམ་དུ་བོད་མི་ཚོ་ཡང་ཡོང་སྟེ་བོད་ཀྱི་གནའ་རབས་ཀྱི་དངོས་རྫས་རྣམས་རྐུ་མ་རྒྱབ་ཀྱི་ཡོད་པ་རེད། སྟོད་མངའ་རིས་ཁུལ་ཞང་ཞུང་རྒྱལ་རབས་སྐབས་ཀྱི་རྒྱལ་ས་གུ་གེ་ནང་དགོན་པ་རྩ་ཆེན་ཞིག་ཡོད་པ་དང་དགོན་པ་དེའི་ནང་མི་ལོ་སྟོང་ཕྲག་མང་པོའི་སྔོན་གྱི་གནའ་བོའི་དངོས་རྫས་ཡོད་པར་བརྟེན་རྒྱ་མི་མང་པོ་ཞིག་དང་བོད་པའི་ཚོང་པ་ཚོས་ཀྱང་རྐུ་མ་རྒྱབ་སྟེ་དངོས་རྫསམང་པོ་བཙོང་ཚར་བ་རེད་ཅེད་བོད་ནས་གནས་ཚུལ་གཏོང་མཁན་གྱིས་བརྗོད་འདུག
བོད་ཀྱི་སྟོད་མངའ་རིས་སྐོར་གསུམ་ནི་གནའ་བོའི་རིག་གཞུང་གིས་ཕྱུག་པའི་ས་ཁུལ་དམིགས་བསལ་ཅན་ཞིག་ཡིན་པར་བརྟེན་དེང་སྐབས་རྒྱ་མི་དང་བོད་པའི་ཚོང་པ་ཁག་གཅིག་གིས་བོད་ཀྱི་གནའ་བོའི་དངོས་རྫས་དེ་ཚོའི་རིགས་ཧོང་ཀོང་བརྒྱུད་ཕྱིའི་རྒྱལ་ཁབ་ཁག་ནང་རིན་མཐོ་པོ་རྒྱབ་སྟེ་འཚོང་འགྲེམས་བྱེད་ཀྱི་ཡོད་རེད་ཅེས་བོད་ནས་གནས་ཚུལ་གཏོང་མཁན་དེ་ཡིས་བརྗོད་པ་དང་དུས་མཚུངས་ཕྱི་རྒྱལ་བ་ཚོས་གཙོས་པས་བོད་ཞེན་ཅན་གྱི་བོད་མི་ཚོས་བོད་ཀྱི་གནའ་བོའི་དངོས་རྫས་དང་ཤུལ་ལུས་རིག་རྩལ་དེ་རྣམས་སྲུང་སྐྱོབ་བྱ་རྒྱུའི་དུས་ལ་སླེབས་ཡོག་རེད་ཅེས་རེ་སྐུལ་ཡང་ཞུ་གི་ཡོད་པ་རེད༎