དགེ་བཤེས་མ་བྱ་རྒྱུར་ཆོས་རིག་ནས་རྒྱབ་སྐྱོར་ཡོད་གསུངས།

དེ་རིང་ནས་བཟུང་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་བཙུན་དགོན་འཇམ་དབྱངས་ཆོས་གླིང་རིག་ལམ་སློབ་གཉེར་ཁང་དུ་བཙུན་མའི་འཇང་དགུན་ཆོས་ཐེངས་བཅོ་བརྒྱད་པ་དབུ་འཛུགས་གནང་ཡོད་པ་རེད།

༄༅།    །ད་རང་སྔ་དྲོ་སྐོང་ཚོགས་གནང་བའི་བཙུན་མའི་འཇང་དགུན་ཆོས་ཐེངས་༡༨པའི་དབུ་འབྱེད་མཛད་སྒོའི་ཐོག    བཙན་བྱོལ་བོད་མིའི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང༌། བཙུན་མའི་ལས་དོན་འཆར་གཞིའི་ཐོག་ལ་སློབ་སྟོན་གནང་མཁན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག        དྷ་སའི་ཉེ་འགྲམས་ཀྱི་དགོན་སྡེ་གྲྭ་ཚང་ཁག་གི་མཁན་པོ་དང་ལས་སྣེ། སྐུ་ཚབ། དབུས་བེུད་ལྷན་ཚོགས་ཀྱི་སྐུ་ཚབ། དཔེ་ཁྲིད་དགེ་རྒན་རྣམ་ནས་ཆེད་བཅར་ཞུས་ཡོད་པ་རེད།    སྐབས་དེར་ཆོས་རིག་བཀའ་བློན་མཆོག་གི་གསུང་བཤད་ནང༌། བཀའ་ཤག་གི་ཐོག་ནས་བཙུན་མའི་ལས་དོན་འཆར་གཞི་ཧ་ཅང་གི་སྤུས་དག་བཟོས་ཡོད་པར་བརྟེན་ནས། བཙུན་མ་ཚོའི་ནང་ནས་དགེ་བཤེས་མ་དང་རིག་གཅིག་རྐང་འཛིན་སོགས་ལ་འབད་བརྩོན་གནང་རྒྱུར་ཆོས་རིག་ལས་ཁུངས་སོགས་འབྲེལ་ཡོད་ཚོས་རྒྱབ་སྐྱོར་དང་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་པ་དང་།        ད་དུང་བཙུན་དགོན་ཁག་ནས་བཙུན་མ་མཁས་པ་ཐོན་པ་ཡིན་ནའང་གཅིག་མཚུངས་ཀྱིས་རྒྱབ་སྐྱོར་དང་མཐུན་རྐྱེན་སྦྱར་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད། ད་རེས་བཙུན་མའི་འཇང་དགུན་ཆོས་ལ་བལ་ཡུལ་དང༌། རྒྱ་གར་ལྷོ་ཕྱོགས། ཁུ་ནུ། དྷ་སའི་ཉེ་འདབས་ཀྱི་བཙུན་དགོན་ཁག་བཅས་ནས་བཙུན་མ་གྲངས་༣༤༦ ཕེབས་ཏེ། ཟླ་བ་གཅིག་རིང་ཚད་མ་རྣམ་འགྲེལ་གཙོ་བོར་འགྱུར་བའི་གཞུང་ཆེན་ཁག་འཆད་སྤེལ་གནང་རྒྱུ་ཡིན་པ་རེད། །

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org