གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་གནང་འདུག
སྐབས་༡༥པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དེ་དེ་རིང་ནས་བཟུང་ཉིན་གྲངས་དགུའི་རིང་བོད་མིའི་སྒྲིག་འཛུགས་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་བཀའ་ཤག་གི་ཚོམས་ཆེན་དུ་དབུ་འཛུགས་གནང་།
-
2012-09-14 -
-
-
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་དབུས་པའི་སྤྱི་འཐུས་རྣམ་པ་དང་། བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་རྣམ་པ་ད་རང་སྔ་དྲོ་ཆུ་ཚོད་༩།༣༠ཐོག་བཀའ་ཤག་གི་ཚོམས་ཆེན་དུ་འདུ་འཛོམས་དང་འབྲེལ། གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་གནང་ཡོད་པ་རེད། ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་གནང་སྐབས། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་ཡག་ལ། བོད་ནང་གི་ཛ་དྲག་གནས་སྟངས་ལ་བསྟུན་ནས་དེ་རིང་ཉིན་དང་པོ་དེ་ཆ་ཚང་བ་ཞིག་ད་ལྟ་བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་གང་འཛིན་གྱི་ཡོད་མེད་དང། བོད་ནང་གི་ཛ་དྲག་གནས་སྟངས་ཇི་ལྟར་ཆགས་ཡོད་མེད། འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་རྣམ་པའི་ངོས་ནས་འདི་རིང་ཉིན་གང་བགྲོ་གླེང་གནང་རྒྱུ་ཡིན་སྐོར་གསུངས་འདུག།
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་སྐབས་ད་དུང་། ད་བར་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་ཁྲི་པས་དབུས་བཀའ་བློན་རྣམ་པ་དང། འཛིན་སྐྱོང་གི་ལས་བྱེད་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་དབུས་སྤྱི་འཐུས་རྣམ་པ་ཚང་མས་ད་བར་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་ལ་ད་དུང་ཡང་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས་པའི་གནས་སྟངས་ཤིག་རང་བཞིན་གྱིས་ཆགས་ཡོད། ཅེས་སོགས་གསུངས་ཡོད་པ་རེད།
སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དེ་ཕྱི་ཚེས་༡༤ནས་༢༢བར་ཉིན་གྲངས་དགུའི་རིང་སྐོང་ཚོགས་གནང་གི་ཡོད་པ་རེད།།