དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་བ།

རྒྱལ་ཚོགས་ཀྱིས་གཞོན་ནུའི་ཟས་བཅད་ངོ་རྒོལ་བ་ཚོས་བཏོན་པའི་དགོས་འདུན་ཁག་ལ་དགོངས་བཞེས་གནང་གི་ཡིན་གསུངས་འདུག

རྒྱལ་ཚོགས་ཀྱི་མི་སྣས་ཟས་བཅད་ངོ་རྒོལ་ལས་འགུལ་བར་ཤིང་ཏོག་གི་ཁུ་བ་སྤྲོད་བཞིན་པ། ༢༠༡༥།༡༠།༡༡ བསོད་ནམས་དབང་འདུས/RFA

རྒྱལ་ཚོགས་ཀྱིས་གཞོན་ནུའི་ཟས་བཅད་ངོ་རྒོལ་བ་ཚོས་བཏོན་པའི་དགོས་འདུན་ཁག་ལ་དགོངས་བཞེས་གནང་གི་ཡིན་གསུངས་འདུག
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་བསྒྲིགས་གནང་བའི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་དེ་བཞིན་འདི་ལོའི་ཕྱི་ཟླ་༩པའི་ཚེས་༡༠ཉིན་འགོ་བཙུགས་ཏེ་ཉིན་གྲངས་༣༢་ཕྱིན་པའི་རྗེས་སུ། འདི་ཚེས་༡༡ཉིན་རྒྱ་གར་ནང་ཡོད་པའི་རྒྱལ་ཚོགས་ཀྱི་འཛུགས་བསྐྲུན་ལས་གཞིའི་སྐུ་ཚབ་Yuri Afanasievམཆོག་ངོ་རྒོལ་ལས་འགུལ་སྤེལ་སར་ཕེབས་ཏེ། ཁོང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ལས་ཁང་གི་དྲུང་ཆེ་ལས་རོགས་སྐུ་ཞབས་Ivan Simonovicཡི་ལས་ཁུངས་ནས་གནང་བའི་ཕྱག་བྲིས་ཤིག་མཉམ་འཁྱེར་གནང་ཡོད་པའི་ནང༌། ཟས་བཅད་ངོ་རྒོལ་བ་ཚོས་བཏོན་པའི་དགོས་འདུན་ཁག་ལ་དགོངས་བཞེས་གནང་གི་ཡིན་ཞེས་འཁོད་ཡོད་པར་བརྟེན། དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་དེ་བཞིན་འདི་ཚེས་༡༡ཉིན་མཚམས་འཇོགས་གནང་ཡོད་པ་དང༌། ད་ལམ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ལས་ཁང་ནས་ཕྱག་བྲིས་ཤིག་གནང་སོན་བྱུང་བ་དེ་ནི་རྒྱལ་ཁ་ཞིག་ཡིན་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གསུངས་འདུག  

གསར་འགོད་པ་ངག་དབང་ཆོས་འཕེལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org