སུད་སིའི་ཡུ་རོབ་དཔལ་འབྱོར་གླེང་སྟེགས་ཚོགས་འདུའི་ཐོག་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ།
སུད་སིའི་ཡུ་རོབ་དཔལ་འབྱོར་གླེང་སྟེགས་ཚོགས་འདུའི་ཐོག་བོད་དོན་ལས་འགུལ་བ་ཁག་གཅིག་གིས་འགྲོ་བ་མིའི་ཐོབ་ཐང་མེད་ན་ཚོང་འབྲེལ་མེད་ཅེས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
- 2021-11-26
-
-
-
Your browser doesn’t support HTML5 audio
ཕྱི་ལོ་༢༠༢༡ལོའི་ཡུ་རོབ་ཚོང་འབྲེལ་གླེང་སྟེགས་(EuropaForum)ཀྱི་ཚོགས་འདུ་དེ་སུད་སི་(Lucerne)གྲོང་ཁྱེར་ནང་ཚོགས་ཡོད་པ་དང་། སྐབས་དེར་ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་མི་བཞིས་ཚོགས་འདུའི་སྟེང་བོད་ཀྱི་རྒྱལ་དར་ཕྱར་ཏེ། འཕྲེད་དར་ཐོག་འགྲོ་བ་མིའི་ཐོབ་ཐང་མེད་ན་ཚོང་འབྲེལ་ཡོང་ཐབས་མེད་པ་དང་། བོད་ལ་རང་དབང་དགོས། ཕྱི་ལོ་༢༠༢༢ལོའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཕྱིེར་འཐེན་དགོས་པ་སོགས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད། ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞིས་རྩེ་ཚང་བཀྲིས་ལགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་ནི། ཚོང་འབྲེལ་གླེང་སྟེགས་དེ་གཙོ་བོ་སུད་སི་དང་རྒྱ་ནག་བར་གྱི་ཚོང་འབྲེལ་དང་དཔལ་འབྱོར་སྐོར་ཡིན་ན་ཡང་། ཚོགས་འདུའི་སྟེང་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གླེང་སློང་གནང་རྒྱུའི་འཆར་གཞི་གང་ཡང་མེད་སྟབས། ངོ་རྒོལ་ལས་འགུལ་དེ་སྤེལ་བ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།།
ཡུ་རོབ་བོད་རིགས་གཞོན་ནུ་ཚོས་ངོ་རྒོལ་ལས་འགུལ་དེ་རྒྱ་རིགས་དཔལ་འབྱོར་སློབ་དཔོན་ཀའེ་ཡོ་ཅཱན(KeyuJin)ཟེར་བས། སུད་སི་དང་རྒྱ་ནག་བར་གྱི་ཚོང་འབྲེལ་ཐོག་རྒྱ་ནག་གི་ལྟ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱེད་སྐབས་ངོ་རྒོལ་གྱི་ལས་འགུལ་དེ་སྤེལ་ཡོད་པ་རེད།།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག