ཨ་རིའི་ནང་འོས་གྲངས་མང་ཤོས་ལས་ཐོག་སྲིད་སྐྱོང་མཆོག་ལ་ཐོབ་པ།

བྱང་ཨ་མི་རི་ཀའི་བོད་མི་རྣམས་ཀྱི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུ་བྱས་འབྲས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་འོས་གྲངས་མང་ཤོས་ཐོབ་འདུག

བྱང་ཨ་མི་རི་ཀའི་བོད་མི་རྣམས་ཀྱི་འོས་བསྡུ་གྲངས་བཤེར་ཕྱི་བསྒྲགས་ཡིག་ཆ། ༢༠༡༥།༡༡།༡ OOT

བྱང་ཨ་མི་རི་ཀའི་བོད་མི་རྣམས་ཀྱི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུ་བྱས་འབྲས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་འོས་གྲངས་མང་ཤོས་ཐོབ་འདུག
དེ་ཡང་བྱང་ཨ་རིའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ནང་ཕྱི་ཟླ་༡༠་ཚེས་༣༡་དང་། ཕྱི་ཟླ་༡༡་པའི་ཚེས་༡་བར་ཉིན་གཉིས་རིང་། ཕྱི་ཟླ་༡༠་པའི་ཚེས་༡༨་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་གནང་བའི་གྲངས་བཤེར་ལེགས་གྲུབ་ཟིན་པ་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་གི་དམིགས་བསལ་ཕྱག་རོགས་དང་། བྱང་ཨ་རིའི་འོས་བསྡུ་ཚོགས་ཆུང་གི་ཕྱག་རོགས་ངག་དབང་ཡོན་ཏན་ལགས་ཀྱིས་སྲིད་སྐྱོང་གི་འོས་གྲངས་འགྲུབ་འབྲས་སྐོར་གསུངས་པ་ལྟར་ན། འོས་གྲངས་མང་ཤོས་དང་མཐོ་ཤོས་ཐོབ་མཁན་ནི་ད་ལྟའི་ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་འོས་གྲངས་༣༥༥༨དང་། གཉིས་པ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ༡༢༣༦ གསུམ་པ་ཀླུ་མཁར་བྱམས་ལགསསུ་༦༡༠། བཞི་པ་བཀྲིས་དབང་འདུད་ལགས་སུ་༡༩༡། ལྔ་པ་བཀྲིས་སྟོབས་རྒྱལ་ལགས་ལ་༤བཅས་ལ་ཐོབ་ཡོད་པ་རེད།
དེ་བཞིན་བྱང་ཨ་རིའི་སྤྱི་འཐུས་ལ་བཀྲ་ཤིས་རྣམ་རྒྱལ་ལགས་ལ་འོས་གྲངས་༡༢༤༢དང་། བསྟན་འཛིན་རང་གྲོལ་ལགས་སུ༡༢༢༣། པདྨ་ཕྱག་མཛོད་ཚང་ལ་༡༡༩༤། ཚེ་དབང་རིག་འཛིན་ལ་༨༦༢། སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལ་༨༣༥བཅས་རིམ་པ་བཞིན་འོས་མི་དགུ་ཡོད་པ་ཕྱི་བསྒྲགས་གནང་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org