དབྱིན་ཇིའི་སྲིད་བློན་ལས་ཁུངས་སུ་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུས་པར་བོད་མི་སྐུ་ཚབ་མཉམ་ཞུགས གནང་པ།

དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཕརཱ་སི་བསོད་ནམས་ཚེ་རིང་ལགས་དང་དོན་ཁང་གི་དྲུང་ཆེ་བློ་ཆོས་བསམ་གཏན་ལགས་གཉིས་ཀྱིས་དབྱིན་ཇིའི་སྲིད་བློན་ལས་ཁུངས་སུ་འཛམ་གླིང་གི་ས་ག་ཟླ་བའི་དུས་ཆེན་གྱི་ཉིན་མོ་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་ཡོད་འདུག

དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཁང་།

༢༠༢༤ ཟླ་ ༥ ཚེས་ ༢༣ ཉིན་དབྱིན་ཡུལ་གྱི་སྲིད་བློན་ལས་ཁུངས་ 10 Downing Street ཏུ་གོ་སྒྲིག་ཞུས་པའི་སྟོན་པའི་མཛད་རྣམ་གྱི་དུས་ཚིགས་ཁྱད་པར་ཅན་ས་ག་ཟླ་བ་ World Buddha Day ཞེས་སྲུང་བརྩི་ཞུས་པའི་སར་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཕརཱ་སི་བསོད་ནམས་ཚེ་རིང་ལགས་དང་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་བློ་ཆོས་བསམ་བརྟན་ལགས་རྣམ་གཉིས་མགྲོན་འབོད་གནང་བ་ལྟར་མཛད་སྒོར་མཉམ་ཞུགས་གནང་འདུག
ཕྱོགས་མཚུངས་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་ནང་པའི་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་ཏེ་ནང་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་དེ་བཞིན་ལོན་ཌོན་གྲོང་ཁྱེར་གྱི་མཉམ་སྦྲེལ་ལས་དོན་ཚན་པའི་འབྲེལ་ཡོད་ལས་བྱེད་བཅས་མི་སྣ་ཁག་ཅིག་མཉམ་འཛོམས་གནང་པའི་སར་མཁའ་འགྲོ་མ་ཚེ་རིང་སྤྱན་ལྔའི་སྐུ་རྟེན་ཀྱང་ཕེབས་ཡོད་པ་བཅས་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ནང་གོང་ཞུས་དུས་ཚིགས་ཉིན་མཛད་སྒོའི་ཐོག་བོད་མིའི་སྐུ་ཚབ་རྣམས་ཀྱིས་་མཉམ་ཞུགས་གནང་ཡོད་འདུག
འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་སྲིད་འཛིན་ཕོ་བྲང་དུ་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུས་ཤིང་། མཁན་པོ་ཚུལ་ཁྲིམས་བསྟན་འཛིན་ལགས་ཕེབས་ཞུགས་གནང་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org