རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་མི་ཚོས་ལོ་དུས་ཚད་བཀག་མེད་པར་སྐྱབས་བཅོལ་ལག་འཁྱེར་བཟོ་དགོས།

རྒྱ་གར་ནང་ཡོད་པའི་བཙན་བྱོལ་ནང་ཡོད་པའི་གསར་སྐྱེས་བྱིས་པ་སོགས་བོད་མི་ཡོངས་རྫོགས་ཀྱིས་སྐྱབས་བཅོལ་ལག་འཁྱེར་(RC)གསར་བཟོ་བྱ་དགོས་པའི་སྐོར་རྒྱ་གར་གཞུང་ནས་བརྡ་ཁྱབ་གཏང་ཡོད་འདུག

བོད་ཕྲུག་ཁྱིམ་སྡེའི་སློབ་མ། TCV

རྒྱ་གར་ནང་ཡོད་པའི་བཙན་བྱོལ་ནང་ཡོད་པའི་གསར་སྐྱེས་བྱིས་པ་སོགས་བོད་མི་ཡོངས་རྫོགས་ཀྱིས་སྐྱབས་བཅོལ་ལག་འཁྱེར་(RC)གསར་བཟོ་བྱ་དགོས་པའི་སྐོར་རྒྱ་གར་གཞུང་ནས་བརྡ་ཁྱབ་གཏང་ཡོད་འདུག
དབུས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྡི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་སྐད་སྡེ་ཚན་ལ། རྒྱ་གར་དབུས་གཞུང་བདེ་སྲུང་ལས་ཁུངས་སྔ་ལོ་ཕྱི་ཟླ་ ༤ ནང་རྒྱ་གར་ནང་ཡོད་པའི་བོད་མི་བཙན་བྱོལ་བ་ཚོ་རྒྱ་གར་ནང་གཏན་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ RC སྤྲོད་ཕྱོགས་ཀྱི་སྲིད་བྱུས་ལ་འགྱུར་ལྡོག་གི་བརྡ་ཁྱབ་ཞིག་བཏང་གནང་ཡོད་པ་བཞིན།  ད་ཆ་བོད་མི་ཡོངས་རྫོགས་ལ་སྐྱབས་བཅོལ་བའི་ལག་འཁྱེར་བཟོ་དགོས་ལུགས་ཀྱི་སྲིད་བྱུས་དེ་ཡང་འགྱུར་ལྡོག་དེའི་ཆ་ཤས་ཤིག་ཡིན་པ་འགྲེལ་བརྗོད་གནང་འདུག  འོན་ཀྱང་ད་བར་གྱི་འགྲོ་ལུགས་ལྟར་ན་ལོ་ན་ ༡༦ ལ་མ་སོན་བར་སྐྱབས་བཅོལ་ལག་འཁྱེར་དེ་བཟོ་དགོས་ཀྱི་མེད་ཅིང་།  ད་ཆ་བོད་མི་ཡོངས་རྫོགས་ལ་ལག་འཁྱེར་དེ་བཟོ་དགོས་པའི་བཀའ་རྒྱ་འདི་ནི་རྒྱ་གར་གཞུང་གི་ངོས་ནས་སྐྱབས་བཅོལ་ལག་དེབ་འཁྱེར་ཞུ་ཕྱོགས་སྟབས་བདེ་རུ་བཏང་གནང་པ་ཞིག་ཡིན་ལུགས་གསུངས་འདུག
བར་ལམ་ནས་བཟུང་རྒྱ་གར་གཞུང་གིས་བོད་མི་སྐྱབས་བཅོལ་ལག་དེབ་ལོ་ལྔ་རེའི་མཚམས་སུ་མ་གཏོགས་བསྐྱར་བཟོ་མི་དགོས་པ་དང་། དེ་བཞིན་ལག་དེབ་བསྐྱར་བཟོ་དང་གསར་བཟོའི་སྙན་ཞུ་ཁག་དྲ་ལམ་བརྒྱུད་བཟོ་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org