ཟླ་ཚང་དགེ་འདུན་རྒྱ་མཚོ་ལགས་འཇུ་བཟུང་བྱས་འདུག
ཟླ་ཚང་དགེ་འདུན་རྒྱ་མཚོ་ལགས་ཁྲིན་ཏུའུ་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་གནས་སྟངས་གསལ་ཆ་མེད་པར་ལུས་འདུག
-
2015-02-02 -
-
-
ཟླ་ཚང་དགེ་འདུན་རྒྱ་མཚོ་ལགས་ཁྲིན་ཏུའུ་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་གནས་སྟངས་གསལ་ཆ་མེད་པར་ལུས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་༢༠༡༥ཟླ་༡པོའི་ཚེས་ ༡༠ཡས་མས་ཤིག་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ། མང་ར་རྫོང་ཐར་ཤུལ་ཡུལ་ཚོའི་ཟླ་ཚང་དགེ་འདུན་རྒྱ་མཚོ་ཞུ་བར་རྒྱུ་མཚན་གསལ་ཁ་མེད་པར་རྒྱ་གཞུང་གིས་ཁྲིན་ཏུ་རུ་འཛིན་བཟུང་བྱས་ཡོད་པ་དང་། གནས་ཚུལ་ལྟར་ན། དགེ་འདུན་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་༢༠༠༨སྔོན་ཐར་ཤུལ་དགོན་པ་དང་། ལྷ་ས་འབྲས་སྤུངས་དགོན་པ་རུ་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ༢༠༠༨ཁོང་ལྷ་ས་ནས་འཛིན་བཟུང་གིས་ཟླ་གསུམ་ལྷག་ལ་བཀག་ཉར་བྱས་ཡོད་པ་དང་གློད་གྲོལ་རྗེས་མཚོ་ལྷོ་མང་ར་རྫོང་ཐོ་ལེ་དགོན་པར་སློབ་གཉེར་བྱས་ཏེ་བསྡད་ཡོད་འདུག དགོན་པའི་དགུན་ཁའི་གུང་གསེང་དང་བསྟུན་ནས་དགེ་འདུན་རྒྱ་མཚོ་ལགས་དང་གཞན་གྲྭ་བ་གཉིས་ཁྲིན་ཏུའི་རུ་རྒྱ་ཡིག་སྦྱང་གི་སོང་ཡོད་འདུག
ཉིན་གྲངས་ཉི་ཤུ་ཙམ་གྱི་སྔོན་ཁོང་གི་གྲོགས་པོ་གཉིས་རྒྱ་ཡིག་འཛིན་གྲྭ་གྲོལ་ནས་ཕྱིར་ཡོང་བའི་ལམ་བར་དུ་དགེ་འདུན་རྒྱ་མཚོ་ལགས་མིག་ཤེལ་ནག་པོ་གྱོན་ཡོད་པའི་མི་ཁག་ཅིག་གིས་འཛིན་བཟུང་གིས་ཁྲིད་འགྲོ་བཞིན་ཡོད་པ་མཐོང་ཡང་། སྐད་ཆ་གང་ཡང་བཤད་ཐུབ་མི་འདུག འཛིན་བཟུང་བྱེད་མཁན་དེ་དག་གིས་དགེ་འདུན་རྒྱ་མཚོ་ལགས་ཀྱི་གློག་ཀླད་དང་། རྩོམ་ཡིག་སོགས་ཡིག་ཆ་ཁག་ཅིག་ཡོད་པ་ཆ་ཚང་འཁྱེར་ཡོད་འདུག་པ་དང་། འཛིན་བཟུང་གིས་ཉིན་གྲངས་ཉི་ཤུ་ཙམ་སོང་ཡང་ད་དུང་ཁོང་གི་གནས་ཚུལ་གང་ཡང་གོ་རྒྱུ་མེད་པ་ཆགས་ཡོད།
ཁོང་ནི་ད་ལྟ་རང་ལོ༢༧ཙམ་ཡིན་པ་དང་། པུར་མིང་ལ་ཟླ་ལྡེ་མིག དྲ་མིང་ལ་བདེན་པའི་མེ་ལྕེ་ཡིན་པར་རྒྱུན་དུ་མི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་གནང་མཁན་མཐོ་ལས་དགོན་པར་སློབ་གཉེར་གནང་བཞིན་ཡོད་འདུག
གསར་འགོད་པ་ལྕགས་མོ་འཚོ།