དགའ་ཤར་དུ་རིག་གནས་བགྲོ་གླེང་།

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭས་རིག་གནས་བགྲོ་གླེང་གོ་སྒྲིག་ཞུས་པ།

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭས་རིག་གནས་བགྲོ་གླེང་གོ་སྒྲིག་ཞུས་པ། ཀུན་བཟང་བསྟན་འཛིན།

༄༅༎རྒྱ་གར་ལྷོ་ཕྱོགས་མོན་གྷོཌི་(Mundgod)་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་ཡོད་པའི་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་ཆེས་མཐོའི་ནང་བསྟན་གཙུག་ལག་སློབ་གྲྭས་རིག་གནས་བགྲོ་གླེང་ཞུག་གོ་སྒྲིག་ཞུས་གནང་འདུག
འདི་ཚེས་༡༥དང་༡༦ཉིན་གཉིས་རིང་འཚོགས་རྒྱུའི་བགྲོ་གླེང་གི་མཛད་སྒོའི་སྐུ་མགྲོན་གཙོ་བོ་དགའ་ཤར་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་དང་ས་གནས་འགོ་འཛིན་གྱི་སྐུ་ཚབ་ལས་དྲུང་བསྟན་འཛིན་མཆོག་ལྡན་རྣམ་གཉིས་ཀྱི་གཙོས་དགའ་ཤར་གྲྭ་ཚང་གི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་དང་དགའ་ཤར་སློབ་གྲྭའི་དགེ་སློབ་ཡོངས་མཉམ་ཞུགས་ཐོག་དགའ་ཤར་སློབ་གྲྭའི་སློབ་སྤྱི་དགེ་བཤེས་རྒྱལ་མཚན་དབང་འདུས་ཀྱིས་མཛད་སྒོ་ངོ་སྤྲོད་དང་འབྲེལ་བགྲོ་གླེང་ཚོགས་དགོས་དོན་སྐོར་གསུངས་སྐབས། ༸གོང་ས་མཆོག་གིས་དུས་ནས་དུས་སུ་བོད་བརྒྱུད་ནང་བསྟན་གྱི་ཆོས་དང་དེ་དང་འབྲེལ་བའི་རིག་གཞུང་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡོད་བསྡད་པ་དེ་མི་ཉམ་རྒྱུན་འཛིན་དང་ཉམ་པ་སླར་གསོ་བྱེད་རྒྱུ་ཙམ་མ་ཟད།དུས་ཀྱི་འགྱུར་འགྲོས་དང་མཐུན་པའི་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་རྒྱ་བསྐྱེད་དགོས་པ་དེ་ཡང་ཡང་བཀའ་ཕེབས་པ་གཞི་འཛིན་གྱིས་འཛམ་གླིང་གི་ལོ་རྒྱུས་ཀྱི་སྨྲ་བ་མང་པོ་ཞིག་གིས་མི་རིགས་གང་ཞིག་ལོ་རྒྱུས་ཀྱི་ཐོག་ཡུན་རིང་གནས་དགོས་ན་མི་རིགས་རང་གི་སྐད་ཡིག་བེད་སྤྱོད་དང་དར་སྤེལ་གཏོང་དགོས་ཅེས་གསུངས་གནང་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org