ཕེ་རན་སིའི་ཡུལ་དུ་བོད་ཀྱི་རྒྱལ་དར་བསྒྲེངས་བཙུགས།

ཕེ་རནསི་ཡུལ་གྱི་ལྷོ་ཕྱོགས་ཀྱི་གྲོང་སྡེ་ཆུང་ངུ་ཞིག་ཡོད་པ་དེའི་གྲོང་སྡེ་ལས་ཁུངས་ཀྱི་རྩེ་ཐོག་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་བཙུགས་བྱས་འདུག

༄༅༎ཕེ་རན་སིའི་ ལེ་ཁེ་ནེཏ་ཌེ་མོ་རེསི་(Le Cannet des Maures)ཞེས་པའི་ཕེ་རནསི་ལྷོ་ཕྱོགས་ཀྱི་གྲོང་སྡེ་ཆུང་ངུ་ཞིག་ཡོད་པ་དེའི་གྲོང་སྡེ་ལས་ཁུངས་ཀྱི་རྩེ་ཐོག་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་བཙུགས་བྱས་འདུག།
བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱ་རྒྱུར་གྲོང་སྡེ་ལྷན་ཚོགས་ཀྱི་ནང་འཐུས་མི་ ༢༣ ཡོད་པ་ཚང་མས་སྤྱི་མོས་ཀྱི་ཐོག་ནས་ཐག་གཅོད་གནང་པ་ཞིག་ཡིན་འདུག་ཅིང་ ཕྱི་ཟླ་ ༩་ཚེས་ ༢༤ གྲོང་ཁྱེར་སྤྱི་ཁྱབ་པ་ཇོན་ལུཀ་ཀོ་གུར་(Dr. Jean –Luc Longour)  དབུ་ཞུགས་ཐོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་དེ་ཚུགས་གནང་འདུག།
ལེ་ཁེ་ནེཏ་ཌེ་མོ་རེསི་གྱིས་བོད་ཀྱི་རྒྱལ་དར་གྲོང་ཁྱེར་ལས་ཁུངས་ཀྱི་སྟེང་བསྒྲེངས་འཛུགས་བྱེད་པ་དེས་ ད་ཆ་ཕེརན་སིའི་གྲོང་ཁྱེར་དང་གྲོང་སྡེ་སོགས་ཀྱི་ལས་ཁུངས་ཀྱི་རྩེ་ཐོག་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱེད་མཁན་སུམ་ཅུ་སོ་དགུ་པ་དེ་ཆགས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org