བོད་མི་ཀརྨ་བསམ་གྲུབ་ལགས་སུ་ཁྲིམས་ཞིབ་བྱེད་བཞིན་པ།
རྒྱ་མིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་མུ་མཐུད་ཀརྨ་བསམ་གྲུབ་ལགས་ཀྱི་གྱོད་དོན་ཐོག་ཁྲིམས་ཞིབ་བྱེད་ཀྱི་ཡོད་འདུག
-
2010-06-23 -
-
-
༄༅༎ད་ལྟ་རྒྱ་མིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་ཁྲིམས་ཞིབ་འདྲི་གཅོག་བྱེད་བཞིན་པའི་བོད་མི་ཀརྨ་བསམ་གྲུབ་ལགས་ཀྱི་གྱོད་གཞི་དེ་ད་དུང་ཡང་ཐག་ཆོད་བྱུང་མེད་པ་དང་ཕྱི་ཚེས་༢༢ཉིན་ཤིན་ཅང་གི་ཁྲིམས་ཁང་ནས་ཀརྨ་བསམ་གྲུབ་ལགས་ལ་ཁྲིམས་ར་ཚོགས་ཡོད་ཅིང་ དེ་རིང་སྔ་དྲོ་ཚོུད་བཅུ་པའི་ཐོག་མུ་མཐུད་ཁྲིམས་ཞིབ་འགོ་བཙུགས་བྱས་པ་ནས་ད་ལྟ་ཚོུད་གཅིག་རིང་ངལ་གསོ་བཞག་སྟེ་ཤིན་ཅང་གི་དགོང་དྲོའི་ཚོུད་དགུ་པའི་ཐོག་མུ་མཐུད་ཀརྨ་བསམ་གྲུབ་ལགས་ཀྱི་གྱོད་དོན་ཐོག་ཁྲིམས་ཞིབ་བྱེད་ཀྱི་ཡོད་འདུག
ཁྲིམས་རའི་བར་གསེང་སྐབས་འདི་ག་རླུང་འཕྲིན་ཁང་ནས་ཀརྨ་བསམ་གྲུབ་ལགས་ཀྱི་བཟའ་ཟླ་སྒྲོལ་དཀར་མཚོ་མོ་ལགས་སུ་བཅའ་འདྲི་ཞུ་སྐབས་ཁོང་གིས་འབྲེལ་ཡོད་གནས་ཚུལ་ཁག་ཅིག་ངོ་སྤྲོད་གནང་བ་དང་ ཀརྨ་བསམ་གྲུབ་ལགས་བཀག་ཉར་བྱེད་པའི་རིང་རྒྱ་ནག་ཉེན་རྟོག་པས་ཉེས་རྡུང་དྲག་པོ་བཏང་ཡོད་པ་དང་ ཡིན་ནའི་ཉེན་རྟོག་པས་ཉེས་རྡུང་བཏང་བ་ཁྲིམས་སར་ཁས་ལེན་བྱས་མེད་ཅིང་ ཀརྨ་བསམ་གྲུབ་ལགས་ཀྱི་བཟའ་ཟླ་སྒྲོལ་དཀར་མཚོ་མོ་ལགས་ཀྱིས་ ཀརྨ་བསམ་གྲུབ་ལགས་ཀྱིས་སྐུ་གཟུགས་ཧ་ཅང་གི་སྐྱོ་པོ་ཆགས་ཡོད་པ་དང་ཁྲིམས་སར་ཁོང་གི་སྐད་ངོ་ཆོད་པ་མ་གཏོགས་ངོ་ཤེས་དཀའ་བའི་ལུས་སྟོབས་ཉམ་ཆག་ཏུ་གྱུར་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།