གྲོས་ཚོགས་ནང་བོད་ཀྱི་ཁོར་ཡུག

བོད་ཀྱི་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པའི་གནད་དོན་ཐོག་ཡུ་རོབ་གྲོས་ཚོགས་ནང་ལྷན་ཚོགས་གནང་འཆར་འདུག

མཛེས་སྡུག་ལྡན་པའི་བོད་ཀྱི་ཡུལ་ལྗོངས། བྱང་ཁེ་ལི་ཕོར་ནི་ཡ་བོད་རིགས་ཚོགས་པ།

༄༅།    །ཡུ་རོབ་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཕྱི་ཚེས་ ༡༩ ཉིན་ བྷེལ་ཇམ་རྒྱལ་ས་Brussels དུ་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་ནང་བོད་ཀྱི་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་སྐོར་ལྷན་ཚོགས་ཤིག་འཚོགས་རྒྱུ་ཡིན་འདུག  དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན།    ལྷན་ཚོགས་འདི་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Satu Hassi མཆོག་དང་། སྐུ་ཞབས་Thomas Mann མཆོག དེ་བཞིན་སྐུ་ཞབས་Lidia Joanna Oedenberg བཅས་ཀྱིས་གཙོ་སྐྱོང་གནང་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་Brussels སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།  དེ་བཞིན་ UNPO ཞེས་རྒྱལ་ཚོགས་ཀྱི་ངོས་འཛིན་མ་ཐོབ་མེད་པའི་མི་རིགས་མཐུན་ཚོགས་ཞེས་པ་བཅས་ཀྱིས་ཐུན་མོང་གོ་སྒྲིག་ཞུ་གི་ཡོད་འདུག བོད་ཀྱི་ཁོར་ཡུག་གི་གནས་སྟངས་དང་འབྲེལ་བའི་ལྷན་ཚོགས་དེའི་སྐབས་མཐོ་སྒང་བོད་ཀྱི་རྩྭ་ཐང་ཉམས་ཆག་དང་མཁའ་རླུང་སྦག་བཙོག་གི་གནད་དོན་། བོད་ཀྱི་གཙང་ཆུ་སོགས་ལ་ཆུ་རག་འཛུགས་བསྐྲུན་བྱས་པ་དང་། གཙང་པོ་ཁ་བསྒྱུར་བྱས་དང་བྱེད་མུས་ཀྱི་གནད་དོན་ཙམ་མ་ཟད་།  མཐོ་སྒང་བོད་ཀྱི་འཁྱགས་རོམ་བཞུར་ཚད་ཧ་ཅང་མྱུར་པོའི་ཐོག་འགྲོ་བཞིན་པ་སོགས་རང་འབྱུང་ཁོར་ཡུག་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་དཀའ་ངལ་དེ་དག་ལ་གདོང་ལེན་ཇི་ལྟར་བྱེད་ཐུབ་མིན་སྐོར་བགྲོ་གླེང་གནང་རྒྱུ་རེད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org