བོད་ཕྱི་ནང་གཉིས་སུ་བོད་མི་ཚོས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྲུང་བརྩི་བྱས་འདུག
བོད་ཕྱི་ནང་གཉིས་སུ་བོད་མི་ཚོས་རྣམ་པ་འདྲ་མིན་ཐོག་བོད་ཀྱི་ཡིག་གཟུགས་དུས་ཆེན་སྲུང་བརྩི་བྱས་འདུག
-
2020-04-30 -
-
-
Your browser doesn’t support HTML5 audio
བོད་ཕྱི་ནང་གཉིས་སུ་བོད་མི་ཚོས་རྣམ་པ་འདྲ་མིན་ཐོག་བོད་ཀྱི་ཡིག་གཟུགས་དུས་ཆེན་སྲུང་བརྩི་བྱས་འདུག
སྤྱི་ཟླ་བཞི་བའི་ཚེས་༣༠་ཉིན། བོད་མདོ་དབུས་ཁམས་གསུམ་གྱི་གཙོས་བོད་ཕྱི་ནང་གཉིས་སུ། བོད་མི་ཚོས་བོད་ཀྱི་ཡིག་གཟུགས་དུས་ཆེན་ནམ་ཉིན་མོ་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་བྱས་ཡོད་པ་དང་། སྐབས་དེར་བོད་མི་ཚོས་ཡིག་གཟུགས་འབྲི་རྩལ་འཕེལ་རྒྱས་དང་། ཡིག་གཟུགས་ཀྱི་སྤྲོ་བ་སྐྱེད་སྲིང་། མི་རིགས་རང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་དུ། ཡུལ་དངོས་ནས་ཡིག་གཟུགས་འགྲེམས་སྟོན་དང་། ཡིག་གཟུགས་འགྲན་བསྡུར། བགྲོ་གླེང་། ཆ་འཕྲིན་དུས་སྐབས་སུ་དྲ་ལམ་ནས་ཡིག་གཟུགས་སྒྱུ་རྩལ་འགྲེམས་སྤེལ་སོགས་བྱས་ཡོད།
བོད་ཀྱི་ཡིག་གཟུགས་དུས་ཆེན་ནམ་ཉིན་མོ་ནི། ༢༠༡༧་ལོའི་ཟླ་༤་པའི་ཚེས༡༥་ཉིན་ནས་ཚེས་༡༦་བར་མཚོ་སྔོན་མི་རིགས་སློབ་ཆེན་དུ། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཚོགས་སྐབས། བོད་ཡིག་ལ་དབྱངས་བཞི་དང་གསལ་བྱེད་༣༠་ཡོད་པ་གཞིར་བཞག་ལོ་རེའི་སྤྱི་ཟླ་༤་བའི་ཚེས་༣༠་ཉིན་ནི་བོད་ཀྱི་ཡིག་གཟུགས་ཉིན་མོ་འམ་དུས་ཆེན་དུ་གཏན་འཁེལ་བྱས་པ་ཞིག་ཡིན་འདུག