འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ནས་དམ་འབུལ་ཞུས།

རིག་འཛིན་ཆོས་གྲགས་ལགས་དང་། གཡང་མཁོ་རྒྱལ་ལགས་རྣམ་གཉིས་འགན་འཛིན་ལས་འཕར་དུ་བསྐོ་གཞག

འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ནས་དམ་འབུལ་ཞུས། དབུས་བོད་མིའི་སྒྲིག་འཛུགས།

༄༅། །ཁ་སང་ཕྱི་ཚེས་༢༤ཉིན་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱེད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོམས་ཆེན་ནང་།    འོས་བསྡུའི་འགན་འཛིན་ལས་འཕར་བཙུན་དགོན་སྒྲོལ་མ་གླིང་གི་སློབ་སྤྱི་དགེ་བཤེས་རིག་འཛིན་ཆོས་གྲགས་ལགས་དང་།    ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པ་གཡང་མཁོ་རྒྱལ་ལགས་རྣམ་གཉིས་ཀྱིས་ལས་ཁུར་དམ་འབུལ་ཞུས་སོང་།    འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་དྲུང་ནས་ལས་ཁུར་དམ་འབུལ་ཞུས་པ་དེ་ཐོག་མ་དེ་ཆགས་ཡོད་པ་རེད།
ད་རེས་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་གསར་དུ་བསྐོ་གཞག་གནང་བ་དེ་ཉེ་སྔོན་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་རྩ་དགོངས་ཞུས་ཡོད་པ་དང་།    སྒུག་ཐོའི་ནང་བརྒྱ་ཆ་ལོན་པའི་འཐུས་མི་མེད་པར་བརྟེན།    ད་རེས་བར་མའི་འོས་བསྡུའི་བརྒྱུད་ཁོང་གི་ཚབ་གསར་བསྐོ་གཞག་གནང་དགོས་པ་ཞིག་ཆགས་ཡོད་པ་རེད།།
གསར་འགོད་པ་བློ་བཟང་ཤེས་རབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org