བལ་ཡུལ་ཉེན་རྟོག་པས་བོད་མི་ཉེར་བཞི་བཟུང་རྗེས་གློད་འདུག

བལ་ཡུལ་ཉེན་རྟོག་པས་བོད་མི་ཉེར་བཞི་མཐའ་མཚམས་ནས་སྔ་ཕྱིར་འཇུ་བཟུང་རྗེས་བལ་སྒོར་ཆིག་སྟོང་རེ་ཡི་ཉེས་ཆད་བཏང་ནས་གློད་འདུག

བལ་ཡུལ་གྱི་རྒྱལ་ས་ཀཱ་ཐ་མཎ་ཀྲོའུ་ཕྱི་མི་ཞིབ་བཤེར་ལས་ཁུངས། ༢༠༡༦ ཀུན་བཟང་བསྟན་འཛིན། RFA

བལ་ཡུལ་ཉེན་རྟོག་པས་བོད་མི་ཉེར་བཞི་མཐའ་མཚམས་ནས་སྔ་ཕྱིར་འཇུ་བཟུང་རྗེས་བལ་སྒོར་ཆིག་སྟོང་རེ་ཡི་ཉེས་ཆད་བཏང་ནས་གློད་འདུག
ཉེ་ཆར་བལ་ཡུལ་ས་མཚམས་ནས་སྔ་ཕྱིར་ཁྱོན་བོད་མི་༢༤་འཛིན་བཟུང་བྱས་བ་ནས་བོད་མི་༢༣་ལ་བལ་སྒོར་ཆིག་སྟོང་རེ་ཡི་ཉེས་ཆད་བཏང་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་བོད་མི་གཅིག་རྒྱ་གར་གྱི་སྐྱབས་བཅོལ་ལག་འཁྱེར་ཡོད་པ་དེ་རྒྱ་གར་གཞུང་ཚབ་ནས་རྒྱ་གར་གྱི་ལག་འཁྱེར་དེར་ཞིབ་འཇུག་བྱས་པའི་རྗེས་གློད་བཀྲོལ་གཏོང་རྒྱུ་ཡིན་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བའི་ནང་། ཕྱི་ཟླ་བཅིུག་པའི་ཚེས་༢༣་ཉིན་བོད་མི་བརྒྱད་དང་། དེ་རྗེས་ཕྱི་ཚེས་༢༦་ཉིན་བོད་མི་༡༦་བཅས་སྔ་ཕྱིར་ཁྱོན་བོད་མི་༢༤་བལ་པོའི་ས་མཚམས་Sonauli་ནས་འཛིན་བཟུང་བྱས་བ་རྣམས་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུར་ཡོད་པའི་ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་རྩིས་སྤྲོད་བྱས་བ་དང་། ཞིབ་བཤེར་རྗེས་ཁོང་རྣམས་ལ་རྒྱ་ནག་གི་ཁྲིམས་མཐུན་ཕྱི་བསྐྱོད་ལག་འཁྱེར་ཡོད་པ་དང་། ཡང་མི་གཅིག་ལ་ཨ་རིའི་ཕྱི་བསྐྱོད་ལག་འཁྱེར་ཡོད་པར་བརྟེན་མི་རེར་བལ་སྒོར་ཆིག་སྟོང་རེ་ཡི་ཉེས་ཆད་བཏང་རྗེས་ཕྱི་ཟླ་བཅིུག་པའི་ཚེས་༢༧་ཉིན་གློད་བཀྲོལ་བཏང་ཡོད་པ་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལས་བྱེད་བཟང་པོ་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།
གནས་ཚུལ་ལྟར་ན། བོད་མི་ཉེར་བཞིའི་ཁོངས་ནས་མི་གྲངས་༡༦་མདོ་སྨད་ཕྱོགས་ནས་ཡིན་པ་དང་། དྲུག་ཁམས་ཁུལ་ནས་ཡིན་ཞིང་། དེའི་ནང་བོད་པའི་བེུད་གཅིག་ཡོད་པ་དེ་ལ་ཨ་མི་རི་ཀའི་མི་ཁོངས་ཀྱི་ལག་འཁྱེར་དང་། བོད་མི་གཅིག་ལ་རྒྱ་གར་གྱི་སྐྱབས་བཅོལ་ལག་འཁྱེར་ཡོད་པ་རེད།
ཟླ་བ་འདིའི་སྤྱི་ཚེས་༡༤་ཉིན་ཡང་བལ་ཡུལ་གྱི་མཐའ་མཚམས་ཀེ་ལཱ་ལེ་རྫོང་ས་གནས་ཉེན་རྟོག་པས་ཀེ་ལཱ་ལེ་རྫོང་ཁོངས་(DHANGADI)་ས་གནས་ནས་སྤྱི་སྤྱོད་རླངས་འཁོར་ནང་བསྐྱོད་བཞིན་པའི་སྐབས་བལ་ཡུལ་ནང་ཁྲིམས་མཐུན་གྱི་འགྲོ་བསྐྱོད་ཆོག་པའི་ལག་འཁྱེར་སོགས་གང་ཡང་མེད་ཚུལ་གྱིས་འཛིན་བཟུང་བྱས་ཏེ། ཕྱིར་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐ་མཎ་ཀྲོའུ་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་བ་ཡིན་པ་རེད།

གསར་འགོད་པ་གཡུ་སྒྲོན་དང་། གུ་རུ་ཆོས་སྐྱིད། བོད་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org