བོད་མི་ན་གཞོན་གཉིས་འཛིན་བཟུང་གིས་གཅིག་ལ་ཁྲིམས་ཐག་བཅད་འདུག
བོད་ནང་གི་བོད་མི་ན་གཞོན་གཉིས་ཀྱིས་རྐང་རྩེད་སྤོ་ལོ་དང་འབྲེལ་བའི་དར་ཆ་དང་ལས་རྟགས་བཟོས་པར་བསྙད་ནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
- 2021-03-04
-
-
-
བོད་ནང་གི་བོད་མི་ན་གཞོན་གཉིས་ཀྱིས་རྐང་རྩེད་སྤོ་ལོ་དང་འབྲེལ་བའི་དར་ཆ་དང་ལས་རྟགས་བཟོས་པར་བསྙད་ནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
དེ་ཡང་དབྱིན་ཇིའི་རྒྱལ་སར་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པས་གནས་སྤེལ་བར་གཞིགས་ན། ཉིན་ཤས་གོང་ཁམས་ཡུལ་ཤུལ་ཕྱོགས་ཀྱི་བོད་མི་ན་གཞོན་གསུམ་གྱིས་གཞུང་ལ་ཐོ་འགོད་མ་བྱས་པའི་ཐོག་ནས། སྐད་འཕྲིན་ཚོགས་པ་གསར་འཛུགས་བྱས་པའི་ཉེས་འཛུགས་འོག་བཙོན་འཇུག་བྱས་པའི་གནས་ཚུལ་བྱུང་ཡོད་པ་ལྟར། མདོ་སྨད་མཚོ་ལྷོ་ཕྱོགས་ཀྱི་བོད་མི་ན་གཞོན་གཉིས་ཀྱིས་རྐང་རྩེད་སྤོ་ལོ་དང་འབྲེལ་བའི་དར་ཆ་དང་ལས་རྟགས་བཟོས་པ་སྤྱི་ཚོགས་དྲ་ལམ་དུ་ཁྱབ་པའི་ཉེར་ལེན་གྱིས་ཁོང་གཉིས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་བ་མ་ཟད། མདོ་སྨད་མཚོ་ལྷོ་གསེར་ཆེན་རྗོང་ནས་ཡིན་པའི་སློབ་མ་བྱམས་པ་ཚེ་རིང་ལ་༢༠༢༠ལོའི་ཟླ་༨ཚེས་༣ཉིན་མཚོ་ལྷོ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཁ་བྲལ་དང་དེ་མིན་གྱི་ཁྲིམས་འགལ་བྱ་སྤྱོད་ཅེས་པའི་ཉེས་མིང་འོག་དུས་བཀག་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། གཞན་ཡང་རྡོ་གོ་ཚེ་རིང་ལ་ཉེས་འཛུགས་དེའི་འོག་འཛིན་བཟུང་བྱས་ཡོད་ཀྱང་ཉེས་ཆད་མ་བཏང་བར་གློད་བཀྲོལ་བཏང་ཡོད་འདུག
ཁོང་གཉིས་འཛིན་བཟུང་བྱས་པའི་གནས་ཚུལ་འདི་བཞིན་དུས་ཡུན་ཟླ་ངོ་བདུན་གྱི་རྗེས་གཞི་ནས་བོད་ཕྱི་ཕྱོགས་སུ་ཐོན་པ་དེས་བོད་ནང་དམ་དྲག་གང་འདྲ་བྱེད་ཀྱི་ཡོད་པ་བསྟན་ཡོད་ཅེས་བོད་རང་དབང་ཚོགས་པས་གསུངས་འདུག