བོད་དོན་ལས་འགུལ།
བཙན་བྱོལ་བོད་མིས་མུ་མཐུད་སྒེར་ངོས་ནས་བོད་ཀྱི་དངོས་ཡོད་གནས་སྟངས་དྲིལ་བསྒྲགས་ཀྱི་ཆེད་ལས་འགུལ་འདྲ་མིན་སྤེལ་བཞིན་པ།
-
2013-06-12 -
-
-
༄༅། །ཨ་རིར་གནས་སྡོད་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་པ་རིན་པོ་ལགས་ཀྱིས་ཡོ་རོབ་རྒྱལ་ཁབ་ཁག་གི་འབྲེལ་ཡོད་འགན་འཛིན་དང་། གསར་འགྱུར་ལས་ཁང་། ཡོ་རོབ་ཀྱི་སྤྱི་དམངས་བཅས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་གནང་བཞིན་པ་ལྟར། ཁོང་གིས་བྷེལ་ཇམ་དང་། ཕ་རན་སི། སུས་སི་དང་། ཨི་ཊ་ལི་སོགས་བརྒྱུད་ནས་ཕྱི་ཚེས་༧ ཉིན་ཨོ་སི་ཁྲུལ་ཡའ་ལ་འབྱོར་ནས་དེ་གའི་གྲོང་ཁྱེར་སྤྱི་ཁྱབ་དང་འབྲེལ་ཡོད་གསར་ལམ་ཁག་ཏུ་བོད་ཀྱི་ད་ལྟའི་དངོས་ཡོད་ཀྱི་གནས་སྟངས་གསལ་བསྒྲགས་གནང་བཞིན་ཡོད་པ་རེད། དེ་བཞིན་དུ་ད་ལྟ་ཨོ་སི་ཁྲུལ་ཡ་ཁུལ་དུ་གནས་སྡོད་གནང་མཁན་ཕུན་ཚོགས་སམ་མདའ་ལྷ་ཕ་བུ་གཉིས་ཀྱིས་ཀྱང་ཕྱི་ཟླ་དང་པོ་ནས་བཟུང་རེས་གཟའ་ཉི་མའི་ཉིན་རང་ལུས་མེར་སྲེག་བཏང་བའི་བོད་མི་དག་གི་ཞལ་ཆེམས་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀྱི་ནང་དུ་བསྒྱུར་ནས་དེ་གའི་ས་གནས་ཁག་གི་མི་དམངས་ལ་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་པ་རེད།།