བོད་དོན་ལས་འགུལ་བ་རྣམས་ཀྱིས་དྲུང་ཆེ་ཨེཌ་མི་ལི་བྷེནཌ་ལགས་སུ་རྒྱ་ནག་དང་ལྷན་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སྐོར་ཞུ་སྐུལ་དགོས་པའི་ཞུ་སྙན་ཕུལ་འདུག
ཨིན་ཇིའི་ནུས་ཁུངས་དང་གནམ་ཤིས་འགྱུར་ལྡོག་ (UK Energy & Climate Ministry) གི་དྲུང་ཆེ་ཨེཌ་མི་ལི་བྷེནཌ་(Ed Miliband) ལགས་ཀྱིས་འདི་ཚེས་ ༡༧ ཉིན་རྒྱ་ནག་རྒྱལ་ས་པེ་ཅིང་ཏུ་ཕེབས་རྒྱུ་ཡིན་པར་རྒྱ་ནག་དང་ལྷན། ནུས་ཁུངས་མཉམ་ལས་དང་རྒྱ་ནག་ནི་འཛམ་གླིང་ནང་གི་མཁའ་རླུང་ལ་ནག་རྫས་གཏོང་མཁན་ཆེ་ཤོས་གྲས་ཡིན་པས་དེར་གདོང་ལེན་བྱ་རྒྱུ་བཅས་གནད་དོན་གཙོ་བོ་གཉིས་ཀྱི་ཐོག་གྲོས་མོལ་བྱ་རྒྱུ་ཡིན་སྐོར་དེ་རིང་རྒྱལ་སྤྱིའི་གསར་ཁང་ (The Guardian) བརྒྱུད་གསུངས་འདུག་པ་ལས། སྐབས་དེར་བློན་ཆེན་མཆོག་ནས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གནད་དོན་སྐོར་གླེང་སློང་གནང་རྒྱུ་ཡིན་སྐོར་གང་ཡང་གསལ་སྟོན་གནང་མི་འདུག
- 2025-03-14
-
-
-
ཨིན་ཇིའི་ནུས་ཁུངས་དང་གནམ་ཤིས་འགྱུར་ལྡོག་ (UK Energy & Climate Ministry) གི་དྲུང་ཆེ་ཨེཌ་མི་ལི་བྷེནཌ་(Ed Miliband) ལགས་ཀྱིས་འདི་ཚེས་ ༡༧ ཉིན་རྒྱ་ནག་རྒྱལ་ས་པེ་ཅིང་ཏུ་ཕེབས་རྒྱུ་ཡིན་པར་རྒྱ་ནག་དང་ལྷན། ནུས་ཁུངས་མཉམ་ལས་དང་རྒྱ་ནག་ནི་འཛམ་གླིང་ནང་གི་མཁའ་རླུང་ལ་ནག་རྫས་གཏོང་མཁན་ཆེ་ཤོས་གྲས་ཡིན་པས་དེར་གདོང་ལེན་བྱ་རྒྱུ་བཅས་གནད་དོན་གཙོ་བོ་གཉིས་ཀྱི་ཐོག་གྲོས་མོལ་བྱ་རྒྱུ་ཡིན་སྐོར་དེ་རིང་རྒྱལ་སྤྱིའི་གསར་ཁང་ (The Guardian) བརྒྱུད་གསུངས་འདུག་པ་ལས། སྐབས་དེར་དྲུང་ཆེ་མཆོག་ནས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གནད་དོན་སྐོར་གླེང་སློང་གནང་རྒྱུ་ཡིན་སྐོར་གང་ཡང་གསལ་སྟོན་གནང་མི་འདུག
དྲུང་ཆེ་ཨེཌ་མི་ལི་བྷེནཌ་པེ་ཅིང་དུ་ཕེབས་རྒྱུ་དང་བསྟུན། ཨིན་ཡུལ་བོད་རིགས་ཚོགས་པ། བོད་དོན་ལས་འགུལ་བསྟི་གནས་ཁང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། ཨིན་ཡུལ་བོད་དོན་ལས་འགུལ་ཚོགས་པ་སོགས་བོད་ཀྱི་ཚོགས་པ་ཁག་གིས་འདི་ཚེས་ ༡༠ དེ་བཞིན་གསུམ་བཅུའི་དུས་དྲན་སྐབས། ཨིན་ཇིའི་ནུས་ཁུངས་དང་གནམ་ཤིས་འགྱུར་ལྡོག་གི་དྲུང་ཆེ་ཨེཌ་མི་ལི་བྷེནཌ་ལགས་ཀྱི་ལས་ཁུངས་སུ་གྲོས་མོལ་སྐབས་བོད་ཀྱི་ཁོར་ཡུག་ཐད་གླེང་སློང་དགོས་པའི་འབོད་སྐུལ་གྱི་འཕྲིན་ཡིག་ཅིག་ཕུལ་འདུག
བོད་དོན་ལས་འགུལ་བ་རྣམས་ཀྱིས་ཕུལ་བའི་ཞུ་ཡིག་དེའི་ནང་། དྲུང་ཆེ་ཨེཌ་མི་ལི་བྷེནཌ་ལགས་ཀྱིས་རྒྱ་ནག་དང་ལྷན་གྲོས་མོལ་སྐབས་ཡིད་གཟབ་དགོས་རྒྱུ་དང་། རྒྱ་ནག་དང་ལྷན་གྲོས་མོལ་བརྒྱུད་མོས་མཐུན་གང་བྱུང་བ་དེས། བོད་ཀྱི་ཁོར་ཡུག་དང་། འགྲོ་བ་མིའི་ཐོབ་ཐང་། རིག་གནས་ཤུལ་བཞག་བཅས་ལ་གྱོང་གུན་གཏོང་མི་རུང་བ། དེ་བཞིན་ཆུ་རགས་འཛུགས་སྐྲུན་རྐྱེན་པས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས་ཡོད།
བོད་དོན་ལས་འགུལ་བ་རྣམས་ནས་དྲུང་ཆེ་ཨེཌ་མི་ལི་བྷེནཌ་ལགས་ཚོང་ལས་ཁང་ཆེ་རིགས་སོགས་དང་མཉམ་ལས་ཀྱིས་བོད་ནང་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་སོགས་སྤེལ་རྒྱུར་ཁས་ལེན་མི་གནང་རྒྱུ་དང་། བོད་ནང་གི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེ་བྱེད་བཞིན་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་འདུག མ་ཟད་ལས་འགུལ་བ་རྣམས་ཀྱིས། ཨིན་ཡུལ་དུ་རྒྱ་ནག་དང་ལྷན་མཉམ་འབྲེལ་གྱི་ཚོང་ལས་སོགས་བྱ་རྒྱུར་འདུན་པ་ཡོད་ཀྱང་། བོད་ནང་གི་ཁོར་ཡུག་གི་གནད་དོན་ལའང་སེམས་འཚབ་ཡོད་པ་གསལ་སྟོན་གནང་སྟེ། མ་འོངས་རྒྱལ་ཁབ་གཞན་ཚོར་ཡང་དམིགས་དཔེ་བཟང་པོ་སྟོན་དགོ་པའི་འབོད་སྐུལ་ཞུས་འདུག །
གཞན་ཡང་ཨིན་ཡུལ་ས་གནས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལས་འགུལ་འབྲེལ་མཐུད་པ་ར་ཥི་ཇཝ་རི་ལགས་ཀྱིས། ཨེཌ་མི་ལི་བྷེནཌ་ལགས་ནི་ཨིན་ཡུལ་གྱི་ནུས་སྟོབས་མཚོན་གྱི་ཡོད་པས། ཐེངས་འདི་ཕྱོགས་བསྐྱོད་ཐོག་ཁོང་ནས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་སུ་ཤུགས་སྣོན་བསྐྱོན་དགོས་གལ་ཆེ་བ་རེད་ཅེས་འགྲེལ་བརྗོད་གནངད་བ་དང་སྦྲགས། རྒྱ་ནག་གིས་བོད་མི་ཚོར་ངན་པ་བྱེད་བཞིན་ཡོད་པར་བརྟེན་རྒྱ་ནག་རྒྱལ་ཁབ་ནི་ལུགས་མཐུན་ནམ་བཟང་སྤྱོད་ལྡན་པའི་རོགས་པ་ཞིག་མིན་པས། དབྱིན་ཡུལ་ནས་རྒྱ་ནག་ཏུ་ཆེད་བསྐྱོད་ཀྱིས་རྒྱལ་ཁབ་དེ་དང་མཉམ་འབྲེལ་གྱི་འབྲེལ་ལམ་བཙུགས་ཐོག་ནག་ཉེས་མེད་ཁུལ་གྱིས་རྒྱལ་ཁབ་ཏུ་ཕྱིར་ལོག་བྱ་མི་རུང་། དེ་ཡོང་མི་སྲིད་ལ་དབྱིན་ཡུལ་ལ་བོད་དོན་ཐོག་བཀའ་མོལ་གནང་རྒྱུའི་གཞི་རྩའི་བཟང་སྤྱོད་ཀྱི་འགན་ཡོད་པ་རེད།འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཨིན་ཇིའི་ནུས་ཁུངས་དང་གནམ་ཤིས་འགྱུར་ལྡོག་ (UK Energy & Climate Ministry) ཚན་པར་ཡིག་ཐོག་བརྒྱུད་འབྲེལ་བ་བྱས་ཀྱང་ད་ལྟའི་ཆར་འབྲེལ་བ་མཐུད་ཐུབ་མ་སོང་།
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།