བོད་ནང་རྒྱ་རིཊ་ཡུལ་སྐོར་བ་ས་ཡ་ཉི་ཤུ་རྩ་གཅིག་སླེབས་འདུག
འདི་ལོར་ད་བར་བོད་ནང་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ཉི་ཤུ་རྩ་གཅིག་སླེབས་ཡོད་འདུག༎
-
2016-10-19 -
-
-
འདི་ལོར་ད་བར་བོད་ནང་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ཉི་ཤུ་རྩ་གཅིག་སླེབས་ཡོད་འདུག
དེ་ཡང་ཕྱི་ལོ་༢༠༡༦་ལོའི་ཟླ་བ་དགུའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ཉི་ཤུ་རྩ་གཅིག་སླེབས་ཡོད་པ་དང་། དེ་ནི་སྔ་ལོ་ལས་བརྒྱ་ཆ་ཉི་ཤུ་དང་ཚེག་བཞི་མང་དུ་ཕྱིན་ཡོད་ལུགས་རེས་གཟའ་མིག་དམར་ཉིན་འབྲེལ་ཡོད་དཔོན་རིགས་ཚོས་གསུངས་འདུག
ཡང་ས་གནས་ཡུལ་སྐོར་སྤྲོ་འཆམ་ཡར་རྒྱས་ལས་ཁུངས་ནས་འགྲེལ་བརྗོད་བྱས་པར་གཞིགས་ན། འདི་ལོའི་ཟླ་བ་དགུའི་ནང་ཡུལ་སྐོར་སྤྲོ་འཆམ་གྱི་ཡོང་འབབ་སྔ་ལོ་ནས་བརྒྱ་ཆ་ཉི་ཤུ་རྩ་ལྔ་དང་ཚེག་དགུ་(༢༥་༩)འཕར་ནས་ཡོང་འབབ་རྒྱ་སྒོར་ཐེར་འབུམ་ཉི་ཤུ་རྩ་བརྒྱད་(༢༨)་དང་དུང་ཕྱུར་ཉི་ཤུ་རྩ་ལྔ་(༢༥)བྱུང་ཡོད་པ་དེ་ནི་སྔ་ལོ་ལས་བརྒྱ་ཆ་བཅུ་བདུན་དང་ཚེག་བཞི་(༡༧.༤)འཕར་ཡོད་འདུག། དེ་ལྟ་བུའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཡོང་ཁུངས་གཙོ་བོ་ནི་བོད་ཀྱི་ལོ་གསར་དང༌། ཀོང་པོ་ཉིང་ཁྲིའི་ལོ་གསུམ་ཁམ་བུའི་དུས་སྟོན། རི་བོ་ཇོ་མོ་གླང་བའི་རིག་གཞུང་དུས་སྟོན། བོད་ཀྱི་ཡུལ་སྐོར་སྤྲོ་འཆམ་དང་རིག་གཞུང་འགྲེམས་སྟོན་བཅས་ཡིན་ལུཊ་འགྲེལ་བརྗོད་བྱས་འདུག
བོད་རང་སྐྱོངས་ལྗོངས་ཀྱི་ལོ་ལྔ་རེའི་འཆར་གཞི་ལྟར་ན། ཕྱི་ལོ་༢༠༡༦་ནས་༢༠༢༠་བར་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་གསུམ་ཅུ་(༣༠)ཐམ་པ་སླེབས་རྒྱུར་དམིཊ་ཚད་འཛིན་བཞིན་པ་དང་། ཡོང་འབབ་རྒྱ་སྒོར་ཐེར་འབུམ་ལྔ་བཅུ་ལྔ་ལྔ་(༥༥)ཡོང་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་འདུག།
གསར་འགོད་པ་ཀརྨ་རྒྱ་མཚོ།