ཕ་རན་སིར་བོད་ཀྱི་དུས་སྟོན།

ཕ་རན་སིའི་རྒྱལ་ས་པེ་རིས་ཁུལ་དུ་བོད་ཀྱི་དུས་སྟོན་དང་། ཧི་མཱ་ལ་ཡའི་མི་རིགས། ཞེས་པའི་ལོ་འཁོར་དུས་སྟོན་ཐེངས་ ༡༣ པ་དེ་ཚོགས་འདུག

བོད་ཀྱི་དུས་སྟོན་སྐབས་ཀྱི་འཆར་སྣང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅། ། ཕ་རན་སིའི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག ཟླ་བ་འདིའི་ཚེས་ ༡༥ དང་ ༡༦ བཅས་ཉིན་གྲངས་གཉིས་རིང་ཕ་རན་སིའི་རྒྱལ་ས་པེ་རིས་ཁུལ་དུ་བོད་ཀྱི་དུས་སྟོན་དང་།    ཧི་མཱ་ལ་ཡའི་མི་རིགས། ཞེས་པའི་ལོ་འཁོར་དུས་སྟོན་ཐེངས་ ༡༣ པ་དེ་ཚོགས་ཡོད་པ་རེད།  དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན།    དུས་སྟོན་དབུ་འབྱེད་ཀྱི་མཛད་སྒོར་སེར་སྨད་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་གིས་ཞལ་འདོན་གསུང་འདོན་གནང་གྲུབ་མཚམས། བོད་མི་མང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་གཙོས་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་། ཕ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་བཅས་ཀྱིས་བོད་ཀྱི་ཐུན་མོང་མིན་པའི་བསང་གསོལ་བཏང་བའི་ལམ་ནས་དུས་སྟོན་སྲུང་བརྩི་འདུག
ཐེངས་འདིའི་དུས་སྟོན་སྐབས་ཁྱོན་མི་གྲངས་ ༥༠༠༠ ཙམ་འདུ་འཛོམས་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྒྱུ་རྩལ། ཟློས་གར། དེ་བཞིན་བོད་མིའི་ཁ་ཟས་བཅས་འགྲེམས་སྟོན་གནང་ཡོད་པས་མ་ཟད། བོད་ཀྱི་རིག་གཞུང་གཅེས་སྐྱོང་གི་བགྲོ་གླེང་དང་བོད་དོན་གློག་བརྙན། བོད་བརྒྱུད་ནང་ཆོས་དང་སྒོམ་སྒྲུབ་ཉམས་ལེན་གནང་ཕྱོགས་སོགས་ཀྱི་སྐོར་གཏམ་བཤད་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org