བྷེལ་ཇམ་གཞུང་གིས་བོད་ཀྱི་ཁོར་ཡུག་གི་གནད་དོན་ཐད་དོ་སྣང་བྱེད་བཞིན་ཡོད་གསུང་འདུག

བོད་ནང་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་ཁོར་ཡུག་དང་ས་བཅུད་ལ་དོ་ཕོག་ཐེབས་བཞིན་པའི་གནད་དོན་ཐད་བྷེལ་ཇམ་གཞུང་གིས་ཐུགས་འཚབ་དང་བཅས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོར་དེའི་སྐོར་གླེང་སློང་གནང་ཡོད་འདུག

བྷེལ་ཇམ་གྲོས་ཚོགས་འཐུས་མི་སྐུ་ཞབས་(Samuel Cogolati)་ལགས། tibet.net

བོད་ནང་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་ཁོར་ཡུག་དང་ས་བཅུད་ལ་དོ་ཕོག་ཐེབས་བཞིན་པའི་གནད་དོན་ཐད་བྷེལ་ཇམ་གཞུང་གིས་ཐུགས་འཚབ་དང་བཅས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོར་དེའི་སྐོར་གླེང་སློང་གནང་ཡོད་འདུག
དེ་ཡང་ཉེ་བའི་ཆར་བྷེལ་ཇམ་གྱི་ཕྱི་སྲིད་བློན་ཆེན་(Phillippe Goffin)་ལགས་སུ་གྲོས་ཚོགས་འཐུས་མི་དང་ཁོར་ཡུག་ཉམས་ཞིབ་ལས་དོན་ཚན་པའི་(Samuel Cogolati)་ལགས་ཀྱིས་བོད་ནང་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཐོག་ནས་ཁོར་ཡུག་དང་། ས་བཅུད་ཉམས་རྒུད་ཕྱིན་ཏེ་ཡུན་གནས་ཐུབ་པའི་ལས་གཞི་ཡར་རྒྱས་གཏོང་རྒྱུར་དོ་ཕོག་ཆེན་པོ་ཐེབས་བཞིན་པའི་གནད་དོན་ཐོག་ཐུགས་འཚབ་དང་བཅས་བཀའ་འདྲི་ཞུས་པའི་སྐབས་ཕྱི་སྲིད་བློན་ཆེན་མཆོག་གིས། ང་ཚོས་ཀྱང་གོང་ཞུས་གནད་དོན་དེ་ཚོའི་ཐོག་ལ་བློ་ཚབས་བྱེད་བཞིན་ཡོད། དེའི་ཐོག་ཕྱི་སྲིད་ལས་ཁུངས་དང་རྒྱ་ནག་ནང་ཡོད་པའི་གཞུང་ཚབ་ཁང་གཉིས་ཀའི་ངོས་ནས་རྟོག་ཞིབ་བྱེད་བཞིན་ཡོད་པ་མ་ཟད། སྔ་ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་སྐུ་ཚབ་ཚོགས་པ་བྷེལ་ཇམ་ནང་ལྟ་སྐོར་དུ་སླེབས་པའི་སྐབས་སུའང་གླེང་སློང་བྱས་ཡོད་ཅེས་བཀའ་ལན་གནང་ཡོད་འདུག
དེ་དང་ཕྱོགས་མཚུངས་ཕྱི་སྲིད་བློན་ཆེན་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གླེང་སྟེགས་ཐོག་ལའང་རྒྱ་ནག་ལ་གནད་དོན་དེའི་ཐད་བློ་འཚབ་ཡོད་པའི་རྣམ་འགྱུར་བསྟན་ཡོད་ལ། གནས་ཚུལ་འདིའི་རིགས་ཕྱི་གསལ་ནང་གསལ་དགོས་རྒྱུའང་གལ་ཆེན་པོ་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་པ་གསུངས་འདུག
ཡང་ཁོང་གིས་མ་འོངས་པར་ཡང་རྒྱལ་སྤྱིའི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གནད་དོན་གླེང་སྟེགས་སྐབས་སུའང་ཆེད་མངགས་བོད་ནང་གི་ཁོར་ཡུག་ཉམས་རྒུད་འགྲོ་བཞིན་པའི་གནད་དོན་ཐོག་གླེང་སློང་ངེས་པར་དུ་གནང་གི་ཡིན་ཞེས་ཀྱང་གསུངས་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org