ལྷོ་ཨ་མེ་རི་ཀའི་ནང་བོད་དོན་དྲིལ་བསྒྲགས་ཀྱི་དུས་སྟོན།

ལྷོ་ཨ་མི་རི་ཀའི་ནང་བོད་དོན་དྲིལ་བསྒྲགས་ཀྱི་དུས་སྟོན་ཞིག་ཚུགས་ཡོད་པའི་གནས་ཚུལ་ཐོན་འདུག

༄༅༎དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་ཨ་མི་རི་ཀའི་ཨུ་རུ་གྷ་ཝའི་ལྷོ་ཕྱོགས་སུ་འཁེལ་བའི་པུན་དྲ་ དྲེལ་ ཨེསེ་ཀྲེ་ཞེས་པའི་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་མཚོ་གླིང་ཞིག་ཏུ་འདི་ཚེས་ཉི་ཤུ་གཉིས་ནས་བཟུང་བདུན་ཕྲག་གཅིག་རིང་བོད་དོན་གོ་རྟོགས་སྤེལ་ཐབས་སུ་དམིགས་ནས་འགྲེམས་སྟོན་ཞིག་གོ་སྒྲིག་བྱས་ཡོད་འདུག དུས་སྟོན་དེའི་སྐབས་ལྷོ་ཨ་མི་རི་ཀའི་བཙན་བོད་གཞུང་གི་སྐུ་ཚབ་ཚེ་དབང་ཕུན་ཚོགས་ལགས་དང་འབྲེལ་ཡོད་ཁག་ཅིག་ནས་བོད་དོན་དང་འབྲེལ་བའི་གསུང་བཤད་དང། མང་ཚོགས་ནས་བཅར་འདྲི་ཞུས་པ་ཁག་ལ་བཀའ་ལན་གནང་བའི་ལས་རིམ། དེ་བཞིན་ལོ་མང་པོའི་རིང་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཞུས་ནས་

བོད་ཀྱི་ཐུན་མོང་མ་ཡིན་པའི་ཞལ་ཐང་འདུ་རུབ་ཞུ་མཁན་བོད་དོན་རྒྱབ་སྐྱོར་བ་ཨེ་ལོ་མ་ སེ་ན་ལེ་སེ་ནས་ཞལ་ཐང་ངོ་སྤྲོད་དང་བོད་དོན་སྐོར་གསུང་བཤད་གནང་བ། དམིགས་བསལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་བའི་སྐུ་པར་དང་བརྙན་འཕྲིན་བརྒྱུད་ལམ་ནས་དྲིལ་བསྒྲགས་གནང་བ། བོད་ཀྱི་ནང་ཆོས་དང་བོད་སྨན་སོགས་ཀྱི་ངོ་སྤྲོད་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org