ཕྱི་རྒྱལ་བར་བོད་དོན་ངོ་སྤྲོད།

ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་སློབ་གཉེར་གནང་བཞིན་པའི་བོད་པའི་བུ་མོ་ཞིག་ནས་ཕྱི་རྒྱལ་བར་བོད་དོན་ངོ་སྤྲོད་གནང་སོང་།

ལས་རིམ་འདྲ་མིན་བརྒྱུད་བོད་དོན་ངོ་སྤྲོད་གནང་བཞིན་པ།

༄༅།    །ཨ་རིའི་རྒྱལ་སའི་མངའ་ཁུལ་ཝར་ཇི་ནི་ཡ་མངའ་སྡའི་ནང་གི་རྟེན་གཞི་བྱེད་པའི་Thomas Jefferson high school for science and Technology    སློབ་གྲྭར་འཛིན་རིམ་༡༡ནང་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་བསྟན་འཛིན་ལྷ་མཛེས་ལགས་ནས་ཕྱི་ཚེས་༢༧ཉིན་ཝར་ཇི་ནི་ཡ་མངའ་སྡེའི་Tyson Pimmit ཞེས་པའི་ས་གནས་གཞུང་གི་དཔེ་མཛོད་ཁང་དུ་བོད་དོན་ངོ་སྤྲོད་ཀྱི་ལས་རིམ་གོ་སྒྲིག་གནང་སོང་།    རང་ལོ་༡༦ཡིན་པའི་བསྟན་འཛིན་ལྷ་མཛེས་ལགས་ནས་སྒེར་གྱིས་འགན་ཁུར་དང་།    ས་གནས་བོད་རིགས་ཁག་ཅིག་གི་ཐུན་འགྱུར་རོགས་རམ་འོག་ལས་རིམ་དེ་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད།    སྐབས་དེར་བསྟན་འཛིན་ལྷ་མཛེས་ལགས་ཀྱིས་བོད་ཀྱི་བཙན་པོའི་སྐབས་ནས་༡༩༥༩བར་གྱི་ལོ་རྒྱུས་ངོ་སྤྲོད་གནང་སོང་བས་མ་ཚད།    བོད་ནང་དུས་འགྱུར་བྱུང་བའི་རྗེས་གྱི་ས་བྱི་ཞི་རྒོལ་ཆེན་མོའི་སྐོར་ལའང་མང་ཚོགས་ལ་ངོ་སྤྲོད་གནང་སོང་།    སྐབས་དེར་ད་དུང་།    རེས་ཉི་མ་བོད་ཡིག་སློབ་གྲྭའི་སློབ་ཕྲུག་དང་བོད་རིགས་དང་བླངས་བ་ཁག་ཅིག་ནས་བོད་ཀྱི་རིག་གཞུང་ཁྲབ་སྟོན་གནང་ཡོད་པས་མ་ཚད་།    བོད་ཟས་དང་།    བོད་ཀྱི་རིག་གཞུང་དང་འབྲེལ་བའི་དངོས་རྫས་ཁག་ཅིག་གཤམས་སྟོན་གྱིས་ངོ་སྤྲོད་གནང་ཡོད་པ་རེད།    སྐབས་དེར་མི་རིགས་འདྲ་མིན་གྱི་ཕྱི་རྒྱལ་བ་མང་དག་ཅིག་ཕེབས་ནས་ཆུ་ཚོད་གསུམ་ཙམ་གྱི་ལས་རིམ་དེར་ཐུགས་སྣང་ཆེན་པོས་གཟིགས་ཞིབ་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org