རྩ་ཁྲིམས་གསར་བཟོའི་ཚོགས་འདུར་དོན་འབྲས་བྱུང་མི་འདུག
བལ་ཡུལ་ནང་རྩ་ཁྲིམས་གསར་བཟོའི་ཐད་ཚོགས་འདུ་ཚོགས་ཡོད་ཀྱང་དོན་འབྲས་སོན་པ་ཞིག་བྱུང་མེད་པ་རེད་འདུག
-
2014-09-29 -
-
-
བལ་ཡུལ་ནང་རྩ་ཁྲིམས་གསར་བཟོའི་ཚོགས་ཆུང་འཛུགས་རྒྱུའི་ཚོགས་འདུ་ཚོགས་ཡོད་ཀྱང་དོན་འབྲས་སོན་པ་ཞིག་བྱུང་མེད་པ་རེད་འདུག
དེ་ཡང་གཟའ་ཉི་མའི་ཉིན་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་གསུམ་ཀྱི་སྐུ་ཚབ་རྣམ་པའི་ཚོགས་འདུ་ཞིག་བསྐོངས་ཚོགས་གནང་ཡོད་པ་དང་། ཚོགས་འདུའི་ནང་། བལ་ཡུལ་ཀོང་རེ་སེ་ཚོགས་པ་དང་། CPN-UML དེ་བཞིན་ UCPN བཅས་མཉམ་ཞུགས་བྱས་ཡོད་པ་རེད། ཚོགས་འདུ་འདིའི་ཐོག་ནས་རྩ་ཁྲིམས་བཟོ་བཅོས་དང་། དེ་སྔ་མའོའི་གྱེན་ལོག་ཤོག་ཁག་དང་། གཞུང་གཉིས་དབར་འཁོན་འཁྲུག་བྱུང་བའི་དུས་ཡུན་ལོ་ངོ་བཅུ་ཕྲག་གཅིག་ཙམ་རིང་མྱོང་དགོས་བྱུང་བའི་མི་མང་ཚོར་གུན་གསབ་སྤྲོད་ཕྱོགས་བཅས་ཀྱི་གནད་དོན་ཐོག་ལའང་བཀའ་བསྡུར་གནང་རྒྱུའི་འཆར་གཞི་བྱས་ཡོད་འདུག འོིན་ཀྱང་ཚོགས་འདུའི་ནང་གྲོས་ཚོགས་ཚོགས་རྒྱུ་བསྐྱར་གསོ་བྱེད་རྒྱུ་དང་། རྩ་ཁྲིམས་གསར་པ་གཏན་འབེབས་བྱེད་རྒྱུ་བཅས་ཀྱི་སྐོར་གླེང་མོལ་བྱུང་ཡོད་པ་མ་གཏོགས་དོན་འབྲས་སོན་པའི་ཐག་ཆོད་པ་ཞིག་བྱུང་མེད་ལུགས་འགྲེལ་བརྗོད་བྱས་འདུག མའོ་དམར་ཤོག་ཚོགས་པས་སྣེ་འཁྲིད་འོག་ཕྱོགས་འགལ་ཚོགས་པ་ཚོས་ཆེ་མཐོའི་རྩ་ཁྲིམས་གསར་བཟོའི་ཚོགས་ཆུང་འཛུགས་དགོས་ལུགས་ཀྱི་དགོས་འདུན་བཏོན་ནས་འདས་པའི་བདུན་ཕྲག་གཅིག་ཙམ་རིང་ནས་བཟུང་གྲོས་ཚོགས་ཚུགས་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད་པ་བཅས་གང་ལྟར་ཁ་སའི་ཚོགས་འདུའི་ཐོག་ནས་དམིགས་བསལ་འབྲས་བུ་གང་ཡང་ཐོན་མེད་སྟབས་གནད་དོན་འདིའི་ཐོག་སང་ཉིན་ཚེས་སུམ་ཅུ་ཉིན་སླར་ཡང་ཚོགས་རྒྱུའི་འཆར་གཞི་ཡོད་འདུག་ལ་དེ་ནས་ཀྱང་ཐག་ཆོད་པ་ཞིག་མ་བྱུང་བ་ཡིན་ན། ཕྱི་ཟླ་བཅུ་པའི་ཚེས་བདུན་ཉིན་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་བྱེད་རྒྱུ་མ་གཏོགས་མེད་ལུགས་གསལ་བཤད་གནང་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།