དགེ་འདུན་པ་གསུམ་གྱིས་སྔ་རྗེས་སུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག

རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་གསུམ་གྱིས་སྔ་རྗེས་སུ་རྔ་བ་རྫོང་ཐོག་ཏུ་རྒྱ་གཞུང་ལ་ལ་ངོ་རྒོལ་སྐད་འབོད་བྱེད་སྐབས་འཛིན་བཟུང་བྱས་ཡོད་འདུག

རྔ་པ་ཀིརྟི་དགོན་པའི་གྲྭ་གཞོན་བསྟན་འཛིན་དགེ་ལེགས་དང་རྡོ་རྗེ་རབ་བརྟན། བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

༄༅། །ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།  ཟླ་འདིའི་སྤྱི་ཚེས་ ༥ ཉིན་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་རང་ལོ་ ༢༣ ཡས་མས་ཡིན་པ་རྡོ་རྗེ་རབ་བརྟན་ལགས་ཀྱིས་རྔ་བ་རྫོང་དུ་བོད་ལ་རང་དབང་དགོས་ཞེས་ངོ་རྒོལ་སྐད་འབོད་བྱེད་སྐབས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

ཡང་སྤྱི་ཚེས་༦ ཉིན་རྔ་བ་ཀིརྟི་དགོན་པའི་རང་ལོ་ ༡༨ ཡིན་པ་དགེ་འདུན་པ་བསྟན་འཛིན་དགེ་ལེགས་ལགས་ཀྱིས་རྔ་བའི་རྫོང་ཐོག་ཏུ་བོད་ལ་རང་དབང་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། དེ་མ་ཐག་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

ཡང་གནང་ཚུལ་ནང་བཀོད་པ་ལྟར་ན།  སྤྱི་དགུ་བའི་ཚེས་ཤར་ལ་གྲྭ་བ་ཞིག་གིས་རྔ་བ་རྗོང་ཐོག་ཏུ་བོད་དོན་ཆེད་ངོ་རྒོལ་སྐད་འབོད་བྱེད་སྐབས་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པའི་གནས་ཚུལ་བྱུང་ཡོད་ནའང་།  ཁོང་གི་མིང་སོགས་ཤེས་རྟོགས་བྱུང་མི་འདུག

ཨ་མདོ་རྔ་བ་ཁུལ་ནི་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་པའི་སོགས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་སྲིད་ཇུས་ལ་ངོ་རྒོལ་ཤུགས་ཆེན་བྱེད་ཡུལ་ཞིག་ཡིན་པ་དང་།  རྒྱ་ནག་གཞུང་གིས་ཀྱང་ས་ཁུལ་དེར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་འགན་འཛིན་གཞོན་པ་དཔལ་ལྡན་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org