བསྟན་འཛིན་ཕུན་ཚོཌ་ཀྱིས་རང་ལུས་མེ་བསྲེག་བཏང་དགོས་དོན།
བོད་མིར་སྡུག་སྦྱོང་མནར་གཅོད་བཏང་བར་མི་བཟོད་པའི་སེམས་སྡུག་དང་རྒྱལ་གཅེས་བོད་མིར་རྒྱབ་སྐྱོར་ཞུས་པའི་རྣམ་པ་མཚོན་ཆེད་ཡིན་སྐོར།
-
2011-12-03 -
-
-
༄༅༎སྐུ་ཞབས་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཕྱི་ཚེས་༡ཉིན་ཀརྨ་ཤང་དུ་རང་གི་ལུས་པོར་མེ་སྤར་བའི་རྗེས་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་བྱ་བཞིན་ལག་ནས་ཡི་གེ་འགྲེམས་སྤེལ་གནང་ཡོད་པ་དང་། ཡིན་ནའི་ཡི་གེའི་ནང་དོན་གང་བཀོད་ཡོད་མེད་གསལ་ཁ་ཐུབ་ཀྱི་མེད་ཅིང་། ཁོང་གི་སྐུ་ལུས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་གསོན་དཀའ་བའི་གནས་སུ་གྱུར་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གི་སྒྲོལ་དཀར་ལགས་སུ་འབྲེལ་ཡོད་བོད་མི་ཞིག་གིས་ཀརྨ་དགོན་པའི་གྲ་ལོག་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་དགོས་དོན་ནི། རྒྱ་ནག་གཞུང་གིས་བོད་མིར་སྡུག་སྦྱོང་མནར་གཅོད་བཏང་བར་མི་བཟོད་པའི་སེམས་སྡུག་དང་རྒྱལ་གཅེས་བོད་མིར་རྒྱབ་སྐྱོར་ཞུས་པའི་རྣམ་པ་མཚོན་ཆེད་ཡིན་པའི་སྐོར་གནས་ཚུལ་ངོ་སྤྲོད་གནང་འདུག།