དབྱིན་ཡུལ་དུ་འཚོགས་རྒྱུའི་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས།

༧གོང་ས་མཆོག་ཟླ་དྲུག་པའི་ནང་དབྱིན་ཡུལ་དུ་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་སུ་གསུང་བཤད་གནང་མཁན་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར།

༄༅༎དབྱིན་ཇིའི་བྱང་ཕྱོགས་ཡོཀ་ཤ་ཡར་རྫོང་གི་ལིདྲསི་(Leeds)གྲོང་ཁྱེར་ནང་འདི་ལོ་ཕྱི་ཟླ་དྲུག་པའི་ནང་ཚོགས་རྒྱུའི་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་དེར་གསུང་བཤད་གནང་མཁན་སྐུ་མགྲོན་གཙོ་བོར་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱང་གནང་གི་ཡོད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་གཟི་བརྗིད་དང་སྙན་གྲགས་ཅན་གྱི་མི་སྣ་མང་པོ་ལྷན་ཚོགས་དེའི་ནང་ཕེབས་ཀྱི་ཡོད་པ་དེ་ཡིས་རིང་མིན་ཚོགས་རྒྱུའི་བྱང་ཕྱོགས་དབྱིན་ཇིའི་གྲོང་ཁྱེར་ལིདྲསི་ནང་གི་བགྲོ་གླེང་ལྷན་ཚོགས་དེ་བཞིན་ལམ་ལྷོང་ཡོང་རྒྱུ་མ་ཟད། གྲོང་ཁྱེར་གྱི་ཆེ་ཐོངས་མཐོ་རུ་་འགྲོ་རྒྱུ་ཡིན་པ་ལྷན་ཚོགས་གོ་སྒྲིག་གནང་མཁན་གྱིས་ཐུགས་རེ་གནང་གི་ཡོད་པ་རེད།
དེ་ཡང་བགྲོ་གླེང་ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་སྐུ་ཞབས་ཕརྠ་ཡིས་གསུང་པ་ ཡོཀ་ཤཡར་གསར་ཤོག་ཐོག་ལུང་འདྲེན་བྱས་དོན། ང་ཚོས་མི་ལོ་༡༧ རིང་ལྷན་ཚོགས་དེ་ལྟ་བུ་ས་གནས་ཧེ་རོ་གེཏ་ནང་གོི་སྒྲིག་ཞུས་པ་དང༌། ད་ཆ་ལིདྲསི་གྲོང་ཁྱེར་ནང་གོ་སྒྲིག་ཞུས་ཏེ། ང་ཚོས་ཡོཀ་ཤཡར་རྫོང་སྡེ་དེའི་ནང་འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་ཚོ་སྤྲོ་པོ་ཡོང་བ་དང༌། གྲོང་ཁྱེར་དེ་ཡང་རྒྱལ་སྤྱིའི་ས་ཕྲའི་ནང་ཚུད་རྒྱུར་ཕན་ཐོགས་ཡོང་རྒྱུའི་རེ་བ་ཆེན་པོ་ཡོད་ཅེས་དང༌། ཐེངས་དིའི་ལྷན་ཚོགས་དེའི་ནང་ཚོགས་ཞུགས་བ་བདུན་བརྒྱ་ཙམ་མཉམ་ཞུགས་གནང་མཁན་ཡོང་བའི་ཐུགས་རེ་གནང་གི་ཡོད་པ་དང༌། གོ་སྒྲིག་ཞུ་ཡུལ་ལིདྲསི་གྲོང་ཁྱེར་དེའི་ནང་སྲུང་ཆ་དམ་བསྒྲགས་ཆེན་པོ་ཡོད་ཀྱང་ང་ཚོས་མུ་མཐུད་ནས་གོ་སྒྲིག་ཞུ་རྒྱུ་ཡིན་ལ། ལྷན་ཚོགས་དེའི་ནང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། རྩེད་མོའི་སྒྱུ་རྩལ་ཐད་ལ་སྐད་གྲགས་ཅན་ཀེ་ལྦིན་ཀི་གེན་སོགས་གནད་ཡོད་མི་སྣ་ཁག་ཕེབས་ཀྱི་ཡོད་པའི་སྐོར་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org