༸གོང་ས་མཆོག་གིས་གསར་འགོད་པར་བཀའ་ལན་གནང་བ།
བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་སྤྲོད་རྒྱུ་དེ་ནི་བོད་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་ཞིག་ཡིན་པ་བཀའ་གནང་འདུག
-
2009-05-30 -
-
-
༄༅༎ཨ་མི་རི་ཀའི་གསར་ཤོག་ནིའུ་ཡོག་ཀྲ་ཡེམ་སེ་ཞེས་པའི་གསར་འགོད་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་བཅར་ཏེ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲི་ཞུས་པའི་སྐབས་༸གོང་ས་མཆོག་གིས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་སྤྲོད་རྒྱུ་དེ་ནི་བོད་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།
དེ་ཡང་ནིའུ་ཡོག་ཀྲ་ཡེམ་སེ་ཞེས་པའི་གསར་འགོད་པ་ཨེ་ཌི་ལྦ་ཌི་ལྦོང་གིས་སྤེལ་བའི་གནས་ཚུལ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ཧའན་མི་རིགས་མང་པོ་བོད་ནང་གནས་སྡོད་བྱེད་པ་དང་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་ལུགས་ཉམས་ལེན་ཐོག་དམ་བསྒྲགས་ཆེ་རུ་གཏོང་བཞིན་པ་དེ་ནི་བོད་ཐོག་ཧ་ཅང་གི་ཉེན་ཁ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་དེ་ཡང་བོད་མི་རྒྱ་ནག་གི་ཁྲིམས་ལུགས་འོག་སྲོག་ཐོག་གི་ཉེས་ཆད་ཀྱི་དཀའ་ངལ་མྱོང་དགོས་པའི་གནས་སྟངས་སུ་གྱུར་ཡོད་ཅིང་དཀའ་ངལ་དེ་དག་སེལ་ཐབས་ཀྱི་ཐབས་ལམ་གཅིག་པོ་དེ་ནི་རྒྱ་ནག་གཞུང་གིས་བོད་མི་ས་ཡ་དྲུག་པོ་དེ་དག་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུ་དེ་ཡིན་པ་རེད། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་སྤྲོད་པ་ཡིན་ཚེ་མ་འོངས་བོད་རང་སྐྱོང་གཞུང་གི་ངོས་ནས་རྒྱ་མི་རིགས་བོད་ས་མཐོའི་ཐོག་གཞིས་ཆགས་པ་རྣམས་བཙན་དབང་གིས་རྒྱ་ནག་ཏུ་ལོག་དགོས་པ་བརྗོད་རྒྱུ་མིན་པ་དང་ཡིན་ནའང་རང་སྐྱོང་གི་ས་ཁོངས་སུ་ས་གནས་མི་རིགས་མི་འབོར་མང་བ་གནས་དགོས་ཀྱི་རེད་ཅེས་དང་ང་ཚོས་ད་ལྟའི་བློ་འཚབ་བྱེད་ཡུལ་གཙོ་བོ་ནི་བོད་ནང་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་དེ་དག་ཡིན་པ་དང་ཁོང་ཚོའི་མི་ཚེའི་ནང་དཀའ་ངལ་ཆེན་པོ་ཞིག་མྱོང་བཞིན་ཡོད་ཁོང་ཚོའི་བདེ་སྐྱིད་དང་རང་དབང་གི་ཆེད་དུ་རང་བཞིན་གྱི་ངོས་ལ་འགན་འཁུར་ཆེན་པོ་ཞིག་ཡོད་ཅེས་བཀའ་གནང་བའི་སྐོར་བཀོད་ཡོད་པ་རེད༎