༸གོང་ས་མཆོག་གི་དབྱིན་ཡུལ་མཛད་འཕྲིན་སྐོར།
༸གོང་ས་མཆོག་དབྱིན་ཡུལ་དུ་ཆིབས་བསྒྱུར་གྱིས་དེ་རིང་དབྱིན་ཇིའི་རྒྱལ་སྲས་ཆའལ་སེ་མཆོག་གིས་དགའ་བསུ་ཞུས་ཡོད་པ་རེད།
-
2008-05-23 -
-
-
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇར་མེ་ནི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་པའི་རྗེས་ཕྱི་ཚེས་ ༢༠ ཉིན་དབྱིན་ཡུལ་དུ་ཆིབས་བསྒྱུར་གྱིས་ དེ་རིང་དབྱིན་ཇིའི་རྒྱལ་སྲས་ ཆའལ་སེ་ མཆོག་གིས་དགའ་བསུ་ཞུས་ཡོད་པ་རེད།
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་དབྱིན་ཡུལ་གྱི་སྐད་གྲགས་ཆེ་བའི་ རཱོ་ཡེལ་ཨེལ་སྦ་ཊེ་ ཚོགས་ཁང་ནང་མི་དམངས་ལ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་ལྟར་ཐོག་མར་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ མཱོར་མེན་སྦེ་ཀར་ གྱིས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་ནང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མི་རིགས་ཚོར་རེ་བའི་ལམ་སྟོན་གནང་མཁན་ཞིག་ཁོ་ན་མ་ཡིན་པར་འཛམ་གླིང་དེའི་ནང་དུ་གནས་པའི་མི་དམངས་ས་ཡ་མང་པོར་རེ་བའི་ལམ་སྟོན་གནང་མཁན་ཞིག་ཡིན་པའི་སྐོར་སྔགས་བརྗོད་གསུང་བཤད་གནང་བའི་རྗེས་མི་དམངས་ཚོས་དགའ་སྤྲོའི་ཐུལ་སྒྲ་བརྡབས་པ་མ་ཟད། མི་དམངས་ཚོར་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་གནང་བའི་སྐབས་མི་དམངས་ཁྲོད་ནས་བོད་ཐོག་ལ་ཕྱག་རོགས་ཞུ་ཕྱོགས་སྐོར་བཀའ་འདྲི་ཞུས་པའི་བཀའ་ལན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བར་ལམ་བོད་ནང་ཞི་བའི་རྔམ་སྟོན་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེའི་ཐོག་ནས་བོད་ཀྱི་གནས་སྟངས་ཐོག་བློ་འཚབ་དང་རྒྱབ་སྐྱོར་གནང་བར་རྗེས་སུ་ཡི་རང་ཞུ་གི་ཡོད། འོན་ཀྱང་ལག་ལེན་དངོས་ནས་བྱས་ན་རྒྱ་མི་རིགས་ཚོའི་ཁྲོད་བོད་ཀྱི་གནད་དོན་ཐད་གོ་ནོར་ཐེབས་བཞིན་པའི་རྣམ་རྟོག་རྣམས་སེལ་ཐབས་ཀྱི་རོགས་རམ་ཡོང་བའི་ཐུགས་རེ་གནང་གི་ཡོད་ཅེས་དང། བོད་མི་རྣམས་ཀྱིས་རྒྱ་ནག་མི་དམངས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད། ༸གོང་ས་མཆོག་གི་ངོས་ནས་ཀྱང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་བོད་ཐོག་རྒྱབ་སྐྱོར་གནང་བ་ཙམ་མ་ཡིན་པར་བོད་ཀྱི་བདེན་པ་དང་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་བའི་ཐུགས་རེ་གནང་གི་ཡོད་པའི་སྐོར་བཀའ་གནང་ཡོད་པ་རེད།