ཀརྨ་པ་ལ་དགོན་པ་གསར་བཞེངས་ཀྱི་ས་ཆ་ཉོ་ཆོག་པའི་ཆོག་མཆན།

རྒྱ་གར་གཞུང་གིས་ཀརྨ་པ་མཆོག་ལ་དགོན་པ་གསར་བཞེངས་གནང་ཆེད་ས་ཆ་གཟིགས་ཆོག་པའི་ཆོག་མཆན་གནང་རྒྱུའི་ཐག་གཅོད་གནང་བཞག

༄༅༎རྒྱ་གར་དབུས་གཞུང་གིས་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༧པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་ཧི་མ་ཅལ་མངའ་སྡེའི་ས་གནས་གང་འདྲ་ཞིག་ཡིན་ཀྱང་ས་གནས་གཅིག་གི་ནང་དགོན་པ་གསར་བཞེངས་གནང་ཆེད་ས་ཆ་གཟིགས་ཆོག་པའི་ཆོག་མཆན་གནང་རྒྱུའི་ཐག་གཅོད་གནང་བཞག

དེ་ཡང་རྒྱ་གར་གྱི་ཨིན་ཌི་ཡེན་ཨེ་སི་པེརེསི་ཞེས་པའི་གསར་ཤོག་ནང་ཁ་ས་ཚེས་༢༤ཉིན་གནས་ཚུལ་སྤེལ་དོན་ལ་རྒྱ་གར་གཞུང་གིས་དམིགས་བསལ་བྱས་ནས་རྒྱལ་བ་ཀརྨ་པ་མཆོག་ལ་དགོན་པ་གསར་བཞེངས་གནང་རྒྱུའི་ས་ཆ་ཉོ་ཆོག་པའི་བཀའ་འཁྲོལ་གནང་བ་མ་ཟད་ཀརྨ་པ་མཆོག་ལ་དད་ལྡན་པ་ཚོས་ཞལ་འདེབས་དང་འབུལ་བ་གང་ཕུལ་བ་རྣམས་རྩིས་ཕྲ་ཚུལ་བཞིན་ཉར་དགོས་པའི་ལམ་སྟོན་ཡང་རྒྱ་གར་གཞུང་གིས་གནང་ཡོད་འདུག རྒྱལ་བ་ཀརྨ་པའི་བླ་བྲང་ནས་དངུལ་ཕོན་ཆེ་ཐོན་པའི་གནས་ཚུལ་བྱུང་རྗེས་ཁ་ས་རེས་གཟའ་མིག་དམར་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་རྣམ་གཉི་མཇལ་འཕྲད་གནང་ཡོད་པ་དང་ མཇལ་འཕྲད་དེ་ཐོག་ནས་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་གཉིས་དབར་འབྲེལ་བ་དམ་ཟབ་ཡོད་པ་དེ་མཚོན་གྱི་ཡོད་པ་མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔོན་དངུལ་གྱི་དོན་རྐྱེན་དེ་རིགས་ནི་འབྲེལ་ཡོད་ལས་བྱེད་པས་ཟབ་ཟབ་མ་བྱས་པ་ལས་རྒྱལ་བ་ཀརྨ་པ་མཆོག་ལ་འབྲེལ་བ་མེད་སྐོར་བཀའ་གནང་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org