༸གོང་ས་མཆོག་ནས་དྲུག་བཞིའི་ཆེད་གསུང་འཕྲིན་བསྩལ་བ།

༸གོང་ས་མཆོག་གིས་རྒྱ་ནག་ནང་དེ་སྔ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་ཆེ་བསྟོད་གནང་ཡོད་འདུག

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ནང་དེ་སྔ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་ཆེ་བསྟོད་གནང་ཡོད་འདུག

དེ་སྔ་ཕྱི་ལོ་༡༩༨༩ལོར་རྒྱ་ནག་ནང་སློབ་ཕྲུག་སྟོང་ཕྲག་མང་པོས་གཞུང་ལ་མང་གཙོའི་བཅོས་བསྒྱུར་དགོས་པའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བའི་སྐབས་ཕྱི་ཟླ་དྲུག་པའི་ཚེས་བཞི་ཉིན་མོར་རྒྱ་ནག་གཞུང་ནས་དམག་མི་བཏང་སྟེ་སློབ་ཕྲུག་ཚོའི་ཐོག་དྲག་གནོན་བྱས་ནས་སློབ་ཕྲུག་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་བའི་དུས་ཚིགས་ཤིག་ཡིན་པ་ལྟར་དེ་རིང་རྒྱ་ནག་དང་ཕྱི་རྒྱལ་ཡུལ་གྲུ་གང་སར་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་རེད། ལྷག་པར་དུ་དེ་རིང་ཚེས་བཞི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་འཕྲིན་ཞིག་བསྩལ་གནང་བའི་ནང་དེ་སྔ་དྲུག་བཞིའི་དོན་རྐྱེན་འོག་རྐྱེན་ལམ་དུ་ཕྱིན་པ་རྣམས་ནི་གུང་བྲན་དང་སྤྱི་ཚོགས་རིང་ལུགས་ལ་ཁ་གཏད་བཅོག་མཁན་ཞིག་མ་ཡིན་པར་རྒྱ་ནག་གཞུང་གི་རྩ་ཁྲིམས་གཞིར་བཟུང་མང་གཙོར་འདོད་མཁན་དང་ལྐོག་ཟ་རུལ་སུངས་ལ་གདོང་ལེན་བྱེད་མཁན་ཤ་སྟག་ཡིན་པར་བརྟེན་སྐབས་དེའི་གུང་བྲན་ཚོགས་པའི་དྲུང་ཆེ་ཀྲའོ་ཛི་ཡང་མཆོག་གིས་ཀྱང་ངོས་ལེན་གནང་ཡོད་པ་ཞིག་རེད། དེ་འདྲ་ཡིན་དུས་རིང་མིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དྲུག་བཅུ་ཐམ་པ་འཁོར་བའི་དུས་དྲན་དང་བསྟུན་ནས་དྲུག་བཞིའི་དོན་རྐྱེན་དེའི་ཐོག་སླང་ཡར་བསྐྱར་ཞིབ་བྱེད་རྒྱུའི་གོ་སྐབས་བཟང་ཤོས་ཤིག་རེད་ཅེས་བཀའ་གནང་ནས་གང་ལྟར་དེ་རིང་གི་ཉིན་མོ་འདི་དང་བསྟུན་ནས་༸གོང་ས་མཆོག་གིས་རྒྱ་ནག་ནང་དྲུག་བཞིའི་དོན་རྐྱེན་སྐབས་རྐྱེན་ལམ་དུ་ཕྱིན་པའི་སློབ་ཕྲུག་ཚོར་ཆེ་བསྟོད་དང་དྲན་གསོ་ཞུས་གནང་བ་དང་ཆབས་ཅིག་རྒྱ་ནག་གཞུང་ནས་དངོས་ཡོད་གནས་སྟངས་ཐོག་དགོངས་པ་བཞེས་ནས་སྲིད་བྱུས་གུ་ཡངས་དང་ཕྱོགས་ཚང་མའི་བསམ་ཚུལ་འདྲ་མིན་ལའང་ཐུགས་སྣང་གནང་ཏེ་སྤྱི་ཚོགས་བརྟན་ལྷིང་ཡོང་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་བཀའ་གནང་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org