༸གོང་ས་མཆོག་ནས་བོད་ཀྱི་ཁོར་ཡུག་ཐོག་ཐུགས་འཚབ་ཡོད་པ།

༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ད་ལྟའི་འཁོར་ཡུག་གི་གནས་སྟངས་ཐོག་ཐུགས་འཚབ་ཡོད་སྐོར་བཀའ་གནང་འདུག

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ད་ལྟའི་འཁོར་ཡུག་གི་གནས་སྟངས་ཐོག་ཐུགས་འཚབ་ཡོད་སྐོར་བཀའ་གནང་འདུག

དེ་ཡང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་གྱི་ནོ་ཀྲིང་ཧེམ་ཞེས་པའི་གྲོང་ཁྱེར་དུ་ང་ཚོའི་སའི་གོ་ལ་འདིར་གཅེས་སྐྱོངས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་གནང་སྐབས་བོད་ལ་དཀའ་རྙོག་གཞན་ཞིག་ནི་འཁོར་ཡུག་གི་གནད་དོན་དེ་རེད་ དེར་ང་ཚོས་ངང་སྒུག་བྱས་ནས་སྡོད་ཐབས་མེད་ རྒྱ་གར་དང་རྒྱ་ནག་དེ་བཞིན་ཨེ་ཤི་ཡའི་མངའ་ཁུལ་གཞན་ཁག་ནང་རྒྱུགས་བཞིན་པའི་རྒྱུགས་ཆུ་ཁག་བོད་ནས་ཡོང་གི་ཡོད་པ་རེད་ དེ་འདྲ་སོང་ཙང་ངས་ནུབ་ཕྱོགས་པ་དང་མཐའ་ན་རྒྱ་ནག་གི་ཁོར་ཡུག་ཐོག་མཁས་པ་རྣམས་ཀྱིས་བོད་ནང་བསྐྱོད་ནས་བོད་ཁོར་ཡུག་གི་དངོས་ཡོད་གནས་སྟངས་ཐོག་ཞིབ་འཇུག་གནང་དགོས་ཞེས་བཀའ་གནང་འདུག ཡང་༸གོང་ས་མཆོག་གིས་དེང་སྐབས་ཀྱི་ན་གཞོན་ཕྲུ་གུ་རྣམས་མ་འོང་པའི་འཛམ་གླིང་འདིའི་འགན་འཁུར་ཡོད་པར་སོང་ ཕྲུ་གུ་རྣམས་ལ་འཛམ་གླིང་གི་ཁོར་ཡུག་ཐོག་གཅེས་སྐྱོངས་བྱེད་ཕྱོགས་དང་འཛམ་གླིང་ཞི་བདེ་དང་བྱམས་སྙིང་རྗེ་ལྡན་པ་ཞིག་བཟོ་རྒྱུར་སློབ་གསོ་གནང་དགོས་པའི་སྐོར་བཀའ་སློབ་གནང་འདུག གོང་ཞུས་ཀྱི་༸གོང་ས་མཆོག་གི་དབྱིན་ཇིའི་ནོ་ཀྲིང་ཧེམ་གྲོང་ཁྱེར་གྱི་བཀའ་སློབ་གསུང་བཤད་དེའི་གོང་མང་ཚོགས་ལ་མི་ཚེ་བཟང་སྤྱོད་དང་ལྡན་པ་ཞིག་བསྐྱེལ་ཐབས་དང་མིའི་ཚོར་སྣང་ངན་པ་ཁག་མེད་པ་བཟོ་རྒྱུའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་ཁག་ཅིག་ཡང་གནང་ཡོད་པའི་གནས་ཚུལ་ཐོན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org