༧གོང་ས་མཆོག་ཕིན་ལེན་ཌི་ཁུལ་ཆིབས་བསྒྱུར།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕིན་ལེན་དྲི་ཁུལ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་འདུག

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བདུན་ཕྲག་སྔོན་མ་ནས་བཟུང་ཐོག་མར་ཕ་རན་སི་དང་དེ་ནས་ཨི་སི་ཀྲོ་ནི་ཡའི་ཁུལ་ཆིབས་བསྒྱུར་བསྐྱངས་གནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་གནང་སྟེ་དེ་རིང་རེས་གཟའ་པ་སངས་ཉིན་ཕིན་ལན་དྲི་ནང་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག ཨི་སི་ཀྲོ་ནི་ཡའི་ནང་གི་མཛད་འཆར་མཐའ་དེ་བཞིན་མང་ཚོགས་ལ་ཆོས་དང་ཚན་རིག་སྐོར་གསུངས་བཤད་གནང་བ་དང་། ཏར་ཏུ་གཙུག་ལག་སློབ་གཉེར་ཁང་ནས་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཞིག་འབུལ་བཞེས་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཡུལ་དེའི་སྲིད་འཛིན་མཆོག་གི་དབུས་པས་བློན་ཆེན་དང་དཔོན་རིགས་མཐོ་གྲས་འགའ་ཤས་མཇལ་འཕྲད་གནང་ཡོད་པ་རེད། དེ་རིང་ཕིན་ལན་དྲི་ཁུལ་ཞབས་སོར་འཁོད་ནས་གསར་འགྱུར་འགོད་མཁན་ཚོའི་བཅར་འདྲི་དང་ལེན་མཛད་པ་དང་། གཞན་ཡང་ཡུལ་དེའི་ནང་གི་ཐུགས་འདྲིས་ཆེ་བའི་མི་སྣ་ཁག་ཅིག་མཇལ་འཕྲད་གནང་རྒྱུ་དང་གཙོ་བོ་ཁུལ་དེའི་ནང་པའི་ཆོས་ཚོགས་སྲོང་བཙན་ཞེས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཆོས་ཕྱོགས་དང་། མང་ཚོགས་ལ་གསུངས་བཤད་གནང་རྒྱུ་བཅས་ཀྱི་མཛད་འཆར་ཁག་སང་ཉིན་ནས་བཟུང་ཉིན་གྲངས་གཉིས་རིང་གནང་རྒྱུ་ཡིན་པ་དང་། དེའི་རྗེས་སུ་འཇར་མི་ནིའི་ནང་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org