ནེའུ་ཡོག་གྲོང་ཁྱེར་ནང་ཆོས་འབྲེལ་སྐྱོང་བཞིན་པ།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཞབས་སོར་འཁོད་གནང་ནས་དད་ལྡན་ཆོས་ཞུ་བ་མང་པོར་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེར་སྐྱོང་བཞིན་པ་རེད།
-
2013-10-18 -
-
-
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཞབས་སོར་འཁོད་གནང་ནས་དད་ལྡན་ཆོས་ཞུ་བ་མང་པོར་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེར་སྐྱོང་བཞིན་པ་རེད།
དེ་ཡང་༧གོང་ས་མཆོག་གིས་ད་རེས་Mexico ནང་གི་མཛད་འཕྲིན་ཁག་ལེགས་པར་འགྲུབ་སྟེ་ཚེས་༡༧ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཆིབས་བསྒྱུར་བསྐྱངས་སྐབས་ས་གནས་བོད་མི་དང་། ས་གནས་མི་མང་གིས་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་ཏེ་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་༡༨ ནས་ནེའུ་ཡོག་གྲོང་ཁྱེར་ནང་གི་བྷི་ཀོན་ Beacon Theaterཚོགས་ཁང་ཆེན་མོའི་ནང་ཤེས་རབ་སྙིང་པོ་དང། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་བཀའ་ཆོས་དབུ་བཙུགས་གནང་ཡོད་པ་དང་། ཆོས་ཕྱོགས་ཀྱི་མཛད་རིམ་ཁག་དབྱིན་སྐད་གཙོས་སྐད་ཡིག་འདྲ་མིན་ལ་བསྒྱུར་ནས་དྲ་ལམ་བརྒྱུད་ཐད་གཏོང་གནང་བཞིན་པ་རེད། ད་དུང་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་བཀའ་དབང་སྩལ་རྒྱུ་ཡིན་འདུག་ལ། ཕྱི་ཚེས་༢༠ ཉིན་རྒྱབ་མི་དམངས་ལ་འཚེ་མེད་ཞི་བའི་ཕན་ཡོན་The Virtue of Nonviolence བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་རྒྱུ་ཡིན་པ་རེད།