བཀྲིས་དབང་ཕྱུག་ལགས་འཇུ་བཟུང་དོ་དམ་བྱས་ནས་ལོ་གསུམ་ཧྲིལ་པོ་འཁོར་བ།
བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་འཇུ་བཟུང་དོ་དམ་བྱས་ནས་ལོ་གསུམ་ཧྲིལ་པོ་འཁོར་བ་དང་དེའི་བརྒྱུད་རིམ་སྐོར།
-
2019-01-27 -
-
-
བཀྲིས་དབང་ཕྱུག་ལགས་འཇུ་བཟུང་དོ་དམ་བྱས་ནས་ལོ་གསུམ་ཧྲིལ་པོ་འཁོར་བ།
Your browser doesn’t support HTML5 audio
༢༠༡༥ ཕྱི་ཟླ་ ༡༡ ནང་ཨ་རིའི་ནིའུ་ཡོཀ་ཊཡིམསྀ་གསར་ལས་ཁང་ལ་བོད་མི་ཚོར་རང་གི་སྐད་ཡིག་དང་རིག་གཞུང་ལོངས་སུ་སྤྱོད་དབང་མེད་པའི་སྐོར་འགྲེལ་བརྗོད་གནང་།
༢༠༡༦ ཕྱི་ཟླ་ ༡ ཚེས་ ༢༧ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས།
༢༠༡༨ ཕྱི་ཟླ་ ༡ ཚེས་ ༤ ཉིན་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད།
བཀྲིས་དབང་ཕྱུག་ལགས་ཀྱིས་ནག་ཉེས་ངོས་ལེན་གནང་མེད།
༢༠༡༩ ཕྱི་ཟླ་ ༡ ཚེས་ ༡༥ ཉིན་རྒྱ་ནག་གཞུང་གིས་ཁོང་གི་ཁྲིམས་རྩོད་པ་དང་ཐུག་འཕྲད་བྱེད་དུ་བཅུག་མེད།
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་། ཨ་རི། ཡོ་རོབ་མཐུན་ཚོགས་དང་གཞན་ཡང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་མང་པོས་བཀྲིས་དབང་ཕྱུག་ལགས་འཕྲལ་དུ་གློད་གྲོལ་དགོས་པའི་དགོས་འདུན་བཏོན་ཡོད།