དབུ་མའི་ལམ་ལ་སྔར་ལྷག་གི་རྒྱབ་སྐྱོར།

ཐེ་ཝན་ནང་རྒྱལ་སྤྱིའི་བོད་དོན་བགྲོ་གླེང་ལྷན་ཚོགས་ཐེངས་གསུམ་པ་སྐོང་ཚོགས་སྐབས་དབུ་མའི་ལམ་ལ་སྔར་ལྷག་གི་རྒྱབ་སྐྱོར་ཐད་བགྲོ་གླེང་བྱུང་འདུག

ཐེ་ཝན་ནང་རྒྱལ་སྤྱིའི་བོད་དོན་བགྲོ་གླེང་ལྷན པར། ཐེ་ཝན་དོན་གཅོད།

ཐེ་ཝན་ནང་རྒྱལ་སྤྱིའི་བོད་དོན་བགྲོ་གླེང་ལྷན་ཚོགས་ཐེངས་གསུམ་པ་སྐོང་ཚོགས་སྐབས་དབུ་མའི་ལམ་ལ་སྔར་ལྷག་གི་རྒྱབ་སྐྱོར་ཐད་བགྲོ་གླེང་བྱུང་འདུག

གནས་ཚུལ་སྤེལ་བ་ལྟར་ན།  ཕྱི་ཟླ་༡༡ཚེས་༢༣ཉིན་ཐེ་ཝན་བོད་རིགས་ཚོགས་པས་གོ་སྒྲིག་འོག་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་བོད་མིའི་རང་ལུས་མེར་སྲེག་གི་གནད་དོན་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་མོས་ལ་རྟོག་ཞིབ་ཅེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་བོད་དོན་བགྲོ་གླེང་ལྷན་ཚོགས་ཐེངས་གསུམ་པ་སྐོང་ཚོགས་གནང་ཡོད་པ་དང་། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད་གནང་ཡོད། ད་རེས་བགྲོ་གླེང་ལ་རྒྱ་རིགས་གནད་ཡོད་མི་སྣ་ཁག་ཅིག་གདན་ཞུ་གནང་ཡོད་པའི་ཁོངས་སུ། རྒྱ་ནག་སྐམ་ས་ཆེན་མོ་ནས་རྒྱ་རིགས་རྩོམ་པ་པོ་ཝང་ལེ་ཞུང་གིས་གཙོས་པའི་ཧོང་ཀོང་ནང་རྟེན་གཞི་བྱས་པའི་ཧོང་ཀོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ལྕམ་སྐུ་ཌོ་རི་ཐི། ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་སྤྱི་དམངས་སྟོབས་ཤུགས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཡང་ཅན་ལི་སོགས་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་བཅས་ཀྱིས་སྔ་རྗེས་སུ་བགྲོ་གླེང་ཐོག་གཏམ་བཤད་གནང་བའི་ནང་དོན་གཙོ་བོ་ནི། གཉིས་སྨན་དབུ་མའི་ལམ་དེ་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཡག་ཤོས་ཡིན་སྟབས་དེར་སྔར་ལས་ལྷག་པའི་རྒྱབ་སྐྱོར་བྱེད་དགོས་པའི་སྐོར་དང་། ལྷག་པར་རྒྱ་ནག་ནང་གི་རྒྱ་མི་མང་པོ་ཞིག་གིས་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་ཀྱི་མེད་པར་བརྟེན། བོད་ནང་གི་དངོས་ཡོད་གནས་སྟངས་རྣམས་ཁོང་ཚོས་གོ་ནོར་མ་ཐེབས་པར་ཤེས་ཐབས་ཡོང་བ་ང་ཚོས་འབད་བརྩོན་བྱེད་དགོས་སྐོར་སོགས་བགྲོ་གླེང་ཞིབ་ཕྲ་གནང་ཡོད་པ་རེད།

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org