ཐེ་དབན་ནང་འོས་བསྡུ་སྤེལ་སྐབས་བདེ་འཇགས་སྲུང་སྐྱོབ་སྐོར།
ཐེ་དབན་ནང་གྲོང་ཁྱེར་ཆེ་ཁག་དང་གྲོས་ཚོགས་འཐུས་མི་སོགས་ཀྱི་འོས་བསྡུ་དངོས་སུ་སྤེལ་བའི་སྐབས་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་སྐོར།
-
2010-11-27 -
-
-
༄༅༎ཐེ་དབན་གྱི་གྲོང་ཁྱེར་ཆེ་ཁག་ལྔ་དང་ས་གནས་ཀྱི་སྤྱི་ཁྱབ་ གྲོས་ཚོགས་འཐུས་མིའི་འོས་བསྡུ་དངོས་སུ་མ་སྤེལ་སྔོན་གཟའ་པ་སངས་ཉིན་གོ་མིན་ཏང་ཚོགས་པའི་འོས་མི་ལན་ཧྲང་འོན་འོས་བསྡུའི་ལས་འགུལ་སྤེལ་བའི་སྐབས་མེ་མདའ་རྒྱབ་པའི་གནས་ཚུལ་བྱུང་ནས་མི་གཅིག་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་ གོ་མིན་ཏང་ཚོགས་པའི་འོས་མི་ལན་ཧྲང་འོན་ལ་རྨས་སྐྱོན་ཕོག་ཡོད་པར་བརྟེན་དེ་རིང་གཟའ་སྤེན་པའི་ཉིན་ཐེ་དབན་ནང་གྲོང་ཁྱེར་ཆེ་ཁག་དང་གྲོས་ཚོགས་འཐུས་མི་སོགས་ཀྱི་འོས་བསྡུ་དངོས་སུ་སྤེལ་བའི་སྐབས་འོས་ཤོག་འཕེན་སའི་ས་ཚུགས་གང་སར་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་ཚགས་ཚུད་དུ་བཏང་ཡོད་པའི་ཁར་ གསར་འགྱུར་རྒྱུད་ལམ་ཁག་གི་ཐོག་འོས་བསྡུའི་སྐོར་གནས་ཚུལ་སྤེལ་ཡང་མང་ཆེ་བ་མེ་མདའ་རྒྱབ་པའི་གནད་དོན་དེའི་སྐོར་ལ་གླེང་གློང་བྱེད་བཞིན་ཡོད་པ་དང་ གནད་དོན་དབྱེ་ཞིབ་པ་ཚོས་ཕྱི་ལོ་ཉིས་སྟོང་བཞི་ལོའི་ཐེ་དབན་གྱི་སྲིད་འཛིན་འོས་བསྡུའི་སྐབས་ སྐབས་དེ་དུས་ཀྱི་ལས་ཐོག་སྲིད་འཛིན་གྲན་ཧྲོའོ་བན་བསྐྱར་དུ་འོས་བསྡུའི་ནང་བཞུགས་ནས་ འོས་བསྡུའི་ལས་འགུལ་སྤེལ་སྐབས་མེ་མདའ་བརྒྱབ་ནས་སྨན་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་དང་ ད་རེས་མེ་མདའ་བརྒྱབ་ནས་རྨས་སྐྱོན་ཕོག་ས་ནི་གོ་མིན་ཏང་ཚོགས་པའི་འོས་མི་ཡིན་པ་དང་གོ་མིན་ཏང་ཚོགས་པ་དང་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་དབར་འོས་ཤོག་ཧེ་བག་ཆེན་པོ་མེད་པའི་གནས་སྟངས་ཀྱི་འོག་མང་ཚོགས་ཀྱིས་མེ་མདའ་ཕོག་པའི་འོས་མིར་སྙིང་རྗེ་ནས་འོས་ཤོག་མང་བ་དབྱུག་སྲིད་པ་དབྱེ་ཞིབ་གནང་གི་ཡོད་པ་རེད༎