ཐེ་ཝན་ཀོན་ཏིས་དགོན་པའི་མཁན་པོ་ཆིང་ཤིན་མཆོག་དགོངས་པ་རྫོགས་པར་ཐུགས་གསོའི་འཚམས་འཕྲིན།

ཐེ་ཝན་ནང་བོད་རྒྱུད་ནང་བསྟན་གྱི་བསྟན་འཛིན་ཀོན་ཏིས་དགོན་པའི་མཁན་པོ་ཆིང་ཤིན་མཆོག་དགོངས་པ་རྫོགས་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ཐེ་ཝན་དོན་གཅོད་བརྒྱུད་ཐུགས་གསོའི་འཚམས་འཕྲིན་གནང་འདུག

ཐེ་ཝན་ཀོན་ཏིས་དགོན་པའི་མཁན་པོ་ཆིང་ཤིན་མཆོག་དགོངས་པ་རྫོགས་པར་༧གོང་ས་མཆོག་གིས་ཐུགས་གསོའི་འཚམས་འཕྲིན་གནང་འདུག འདྲ་བཤུས།

མཁན་པོ་ཆིང་ཤིང་མཆོག་དགུང་གྲངས་༩༡་ཕེབས་ཏེ་ཕྱི་ཟླ་གཉིས་པའི་ཚེས་༡༥ཉིན་དགོངས་པ་རྫོགས་འདུག  མཁན་པོ་ཆིང་ཤིན་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཕྱི་ལོ་༡༩༩༧དང་༢༠༠༡ལོ་སོ་སོར་ཐེ་ཝན་ནང་གདན་ཞུ་དང་ཆིབས་བསྒྱུར་གོ་སྒྲིག་ཞུ་མཁན་གཙོ་གྲས་ཤིག་ཡིན་པ་མ་ཟད།  ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བ་ནས་བཟུང་ཕན་ཚུན་འབྲེལ་བ་དམ་ཟབ་དང་ཐུགས་འདྲིས་ཆེན་པོ་བྱུང་ཡོད་པ་རེད།  མཁན་པོ་ཆིང་ཤིན་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པའི་རྗེས།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་ནང་ཡོད་པའི་སྐུ་ཚབ་དོན་གཅོད་ལས་ཁང་བརྒྱུད་དམ་པ་དེ་ཉིད་ཀྱི་དགོན་པའི་འབྲེལ་ཡོད་ལ་ཐུགས་གསོའི་འཚམས་འཕྲིན་ཞིག་བསྩལ་ཡོད་པའི་ནང་།  མཁན་པོ་དགོངས་པ་རྫོགས་པར་༧གོང་ས་༧སྐྱབས་མགོན་མཆོག་ལ་ཐུགས་ཕམ་ཆེན་པོ་བྱུང་བ་བཀོད་གནང་ཡོད་པ་རེད།  ཡང་༧གོང་ས་མཆོག་གིས་མཁན་པོ་དམ་པ་མཆོག་གིས་འགྲོ་བ་སྤྱིའི་བདེ་དོན་ཐོག་མཛད་འཕྲིན་རྒྱ་ཆེ་བསྐྱངས་པ་ནི་དམིགས་དཔེར་འོས་པའི་མཛད་བཟང་ཞིག་ཡིན་པ་སོགས་ཀྱི་མངོན་པར་བསྟོད་གནང་མཛད་འདུག  རྩ་བའི་མཁན་པོ་དམ་པ་ཆིང་ཤིན་མཆོག་ནི་ཐ་ཝན་ནང་འཚར་ལོངས་བྱུང་བའི་བོད་བརྒྱུད་ནང་བསྟན་བསླབ་པ་སློབ་གཉེར་གནང་མཁན་ཐོག་མའི་གྲས་ཤིག་ཡིན་པ་དང་།  ཁོང་གིས་ཐེ་ཝན་ནང་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་ཡོད་པ་ཟད།          ཐེ་ཝན་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་གཙོའི་མཛད་འཁུར་བཞེས་མྱོང་ཡོད་པ་དང་།      ཐེ་ཝན་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཚོས་ཁོང་ལ་དད་གུས་ཆེན་པོ་ཞུ་འི་ཡོད་པ་སོགས་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org