རྒྱ་ནག་དང་ཉེ་བའི་མཚོ་གླིང་ཐོག་མེ་ཤུགས་འཕུར་མདེལ།

ཐའེ་ལྦན་གྱིས་རྒྱ་ནག་དང་ཉེ་བའི་མཚོ་གླིང་ཐོག་ནུས་ཤུགས་ཆེ་བའི་མེ་ཤུགས་འཕུར་མདེལ་འགྲེམས་འཛུགས་བྱ་རྒྱུ་མིན་པའི་ཐག་གཅོད།

༄༅༎ཐའེ་ལྦན་དང་རྒྱ་ནག་གཉིས་དབར་འབྲེལ་བ་བཟང་དུ་འགྲོ་གི་ཡོད་པའི་སྐབས་འདིར་ཐའེ་ལྦན་གྱིས་དགོས་གལ་མེད་པ་གཟིགས་ནས། རྒྱ་ནག་དང་ཉེ་བའི་མཚོ་གླིང་ཐོག་ནུས་ཤུགས་ཆེ་བའི་མེ་ཤུགས་འཕུར་མདེལ་འགྲེམས་འཛུགས་བྱ་རྒྱུ་མིན་པའི་ཐག་གཅོད་གནང་འདུག། དེ་ཡང་དེ་རིང་ཐའེ་ལྦན་གྱི་གསར་ཤོག་རྒྱ་ནག་དུས་བབ་ཅེས་པའི་ནང་གནས་ཚུལ་བཀོད་དོན་ལྟར་ན། ཐའེ་ལྦན་གྱིས་ལོ་ངོ་བཅུ་ཕྲག་ཅིག་ལྷག་ཙམ་རིང་Ray Ting 2000འམ་འབྲུག་སྒྲ་༢༠༠༠ཞེས་པའི་མེ་ཤུགས་འཕུར་མདེལ་གྱི་སྒྲིག་ཆས་ལ་ཞིབ་འཇུག་གནང་བའི་རྗེས་ལོ་གསར་པ་འདིའི་ནང་ནུས་ཤུགས་ཆེ་བའི་མེ་ཤུགས་འཕུར་མདེལ་ཕོན་ཆེ་ཞིག་ཐོན་སྐྱེད་འགོ་འཛུགས་གནང་ཡག་རེད་འདུག།

འོན་ཀྱང་ཉེ་བའི་ཆར་ཐའེ་ལྦན་དང་རྒྱ་ནག་གཉིས་དབར་འབྲེལ་བ་བཟང་དུ་འགྲོ་གི་ཡོད་པར་བརྟེན་ཐའེ་ལྦན་རྒྱལ་སྲུང་ལྷན་ཁང་གིས་རྒྱ་ནག་གི་ལྷོ་ཤར་མཚོ་ཁའི་གྲོང་ཁྱེར་ཤིཨ་མཱེན་དང་ཉེ་བའི་ཐའེ་ལྦན་གྱི་ཀིན་མཱེན་གླིང་ཕྲན་ཐོག་མེ་ཤུགས་འཕུར་མདེལ་འགྲེམས་འཛུགས་གནང་རྒྱུ་མིན་པའི་ཐག་གཅོད་དེ་གནང་བཞག།

མིང་འདོན་མ་གནང་བའི་ཐའེ་ལྦན་གྱི་དམག་དོན་དཔོན་རིགས་ཤིག་གིས་ཐའེ་ལྦན་གྱི་གསར་ཤོག་རྒྱ་ནག་དུས་བབ་ལ་། ད་ལྟའི་གནས་སྟངས་འོག་ཐའེ་ལྦན་གྱི་ཕྱོགས་ནས་མེ་འཕེན་དང་པོ་དེ་ཕལ་ཆེར་བྱེད་མི་སྲིད་པ་ཞིག་ཡིན་དུས་མཐའ་མཚམས་གླིང་ཕྲན་ཐོག་གཏོར་རྒོལ་གྱི་གོ་མཚོན་འཛུགས་འཇོག་བྱེད་ཡག་དེ་དགོས་གལ་མེད་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག།

ཐའེ་ལྦན་རྒྱལ་སྲུང་ལྷན་ཁང་གིས་ཨ་རིའི་ཌོ་ལར་ས་ཡ་༤༧༥གནས་པའི་འབྲུག་སྒྲ་མེ་ཤུགས་འཕུར་མདེལ་གྱི་སྒྲིག་ཆས་༥༠ལྷག་ཙམ་ཐོན་སྐྱེད་གནང་ཡག་གི་འཆར་གཞི་ཡོད་པ་དང༌། གསར་བཟོ་གནང་རྒྱུའི་དམག་དོན་ཡོ་ཆས་དེས་ཁ་གཏད་དགྲྭ་བོའི་མཚོ་འོག་དམག་གྲུ་ཐའེ་ལྦན་གྱི་མཚོ་ཁར་མ་འབྱོར་གོང་ནས་འགོག་སྲུང་བྱེད་ཐུབ་པའི་ནུས་པ་ཡོད་པ་མ་ཚད། མེ་ཤུགས་འཕུར་མདེལ་གློད་གཏོང་སྟེགས་བུ་ནས་ རྒྱང་ཚད་

ཀི་ལོ་མི་ཊར་༤༥བར་དུས་ཡུན་སྐར་མ་གཅིག་ནང་མེ་ཤུགས་འཕུར་མདེལ་༤༠གློད་ནས་་སའི་རྒྱ་ཁྱོན་རྐང་རྩེད་པོ་ལོའི་ཐང་ཆེན་༨༠ཙམ་ཞིག་གཏོར་རྐྱོན་གཏོང་ཐུབ་པའི་ནུས་ཤུགས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org