ཐའེ་ལྦན་གྱི་སྲིད་འཛིན་ཟུར་པའི་སྐུ་ཟླའི་སྐོར།

ཐའེ་ལྦན་གྱི་སྲིད་འཛིན་ཟུར་པའི་སྐུ་ཟླ་བཙོན་འཇུག་བྱས་ནས་འགྲིག་གི་མེད་པའི་སྐོར་ནང་མིས་ཐའེ་ལྦན་གཞུང་ལ་འབོད་བསྐུལ་དང་ཉེན་བརྡ།

༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པའི་སྐུ་ཟླ་བཙོན་འཇུག་བྱས་ནས་འགྲིག་གི་མེད་པའི་སྐོར་ནང་མིས་ཐའེ་ལྦན་གཞུང་ལ་འབོད་བསྐུལ་དང་ ཉེན་བརྡ་བཏང་བའི་གནས་ཚུལ་ཐོན་འདུག་།

ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་དྲན་ཤུ་སྦིན་མཆོག་ཉེ་སྔོན་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཆེས་མཐོའི་ཁྲིམས་ཁང་གིས་ཁྲིམས་འོག་མའི་ཐག་ཆོད་ལྟར་ལོ་ངོ་༡༩འི་བཙོན་འཇུག་གི་ཐག་ཆོད་དངོས་སུ་ལག་ལེན་བསྟར་ནས་སྲིད་འཛིན་ཟུར་པ་དྲན་ཤུ་སྦིན་བཙོན་འཇུག་བྱས་ཟིན་པ་རེད་། ཁོང་གི་སྐུ་ཟླ་ལྦུ་ཤུ་དྲན་ཀྱང་ལོ་ངོ་བཅུ་དགུའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཀྱང་ཁོང་ནད་པ་ཡིན་པའི་ཆ་ནས་བཙོན་ཁང་དུ་ད་ལྟ་བཅུག་མེད་པ་རེད་འདུག་། སྲིད་འཛིན་ཟུར་པ་གཏན་ཞལ་གཉིས་ཀྱི་བུ་མོ་ཁྲེན་སིང་ཡུའུ་ཡིས་གསུངས་པ་ལུང་དུ་འདྲེན་ནས་ རང་བཙན་དོན་གཉེར་བ་ཞིག་གིས་གལ་ཏེ་ཁོང་གི་ཨ་མ་ལགས་བཙོན་འཇུག་བྱས་པ་ཡིན་ན་ཐའེ་ལྦན་གཞུང་ལ་མི་གསོད་པའི་ཉེས་འཛུགས་ཀྱི་གྱོད་གཞི་འཛུགས་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག་། ཐའེ་ལྦན་གྱི་སྲིད་འཛིན་ཟུར་པའི་སྐུ་ཟླ་ལྦུ་ཧྲུ་ཁྲེན་འཁོར་ལོ་ཅན་གྱི་རྐུབ་སྟེགས་ཐོག་ཕེབས་དགོས་པའི་ནད་གཅོང་ཞིག་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org