ཐའེ་ལྦན་གྱི་སྲིད་འཛིན་འོས་མི་སུང་ཁྲུའུ་ཡི་བསམ་ཚུལ།

སུང་ཁྲུའུ་ཡུས་འོས་བསྡུའི་རྒྱལ་ཁ་ཐོབ་ཚེ་རྒྱ་ནག་ནང་འཚམས་གཟིགས་སུ་བསྐྱོད་མཁན་གྱི་ཐའེ་ལྦན་གྱི་སྲིད་འཛིན་ཐོག་མ་དེ་བྱ་རྒྱུའི་བསམ་བློ།

༄༅༎ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཐའེ་ལྦན་གྱི་སྲིད་འཛིན་འོས་བསྡུའི་ནང་ཞུགས་མཁན་རང་དབང་ཅན་གྱི་སྲིད་འཛིན་འོས་མི་སུང་ཁྲུའུ་ཡུས་ཀྱིས་ གལ་སྲིད་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཐའེ་ལྦན་གྱི་སྲིད་འཛིན་འོས་བསྡུའི་ནང་ཁོང་ལ་རྒྱལ་ཁ་ཐོབ་ཚེ་ རྒྱ་ནག་ནང་འཚམས་གཟིགས་སུ་བསྐྱོད་མཁན་གྱི་ཐའེ་ལྦན་གྱི་སྲིད་འཛིན་ཐོག་མ་དེ་བྱ་རྒྱུའི་བསམ་བློ་ཡོད་སྐོར་དེ་རིང་གཟའ་པ་སངས་ཉིན་འགྲེལ་བརྗོད་བྱས་འདུག    ཐའེ་ལྦན་གྱི་སྲིད་འཛིན་འོས་མིའི་ནང་བཞུགས་མཁན་སུང་ཁྲུའུ་ཡུས་དེ་སྔོན་གོ་མིན་ཏང་ཚོགས་པའི་ཚོགས་མི་ཡིན་ཞིང་ རྗེས་སུ་གོ་མིན་ཏང་ཚོགས་པ་ནས་ཕྱིར་འདོན་བྱས་ནས་ ད་རེས་རང་དབང་ཅན་གྱི་འོས་མིའི་མིང་ཐོག་ནས་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཐའེ་ལྦན་གྱི་སྲིད་འཛིན་འོས་བསྡུའི་ནང་གཞུག་རྒྱུ་ཡིན་པ་དང་ སུང་ཁྲུའུ་ཡུས་ཀྱིས་རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་ཞི་བའི་ཐོག་ནས་བསྐྱོད་ཐུབ་རྒྱུའི་ཆེད་ ཁོང་སྲིད་འཛིན་དུ་འོས་འདེམས་བྱུང་ཚེ་ ཐའེ་ལྦན་གྱི་སྲིད་འཛིན་རྒྱ་ནག་ནང་བསྐྱོད་མཁན་ཐོག་མ་དེ་བྱ་རྒྱུའི་འདོད་པ་ཡོད་ལུགས་བརྗོད་ཡོད་པ་རེད་ གནད་དོན་དབྱེ་ཞིབ་པ་མང་པོས་སུང་ཁྲུའུ་ཡུས་ད་རེས་རང་དབན་ཅན་གྱི་སྲིད་འཛིན་འོས་མིའི་མིང་ཐོག་ནས་  ཐའེ་ལྦན་གྱི་ཉིས་སྟོང་བཅུ་གཉིས་ལོའི་སྲདི་འཛིན་འོས་མིའི་གྲས་སུ་ལངས་ཀྱང་ གོ་མིན་ཏང་ལྟ་བུའི་ཚོགས་པ་ཆེ་ཁག་གི་རྒྱབ་སྐྱོར་མེད་ཚེ་  འོས་འདེམས་ནང་རྒྱལ་ཁ་ཐོབ་རྒྱུ་ཁག་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ ཡིན་ནའི་སུང་ཁྲུའུ་ཡས་སྲིད་འཛིན་འོས་མིའི་གྲས་སུ་ལངས་བ་དེས་ གོ་མིན་ཏང་ཚོགས་པའི་ནང་ཁུལ་གྱི་འོས་ཤོག་ཁག་གཉིས་སུ་གྱུར་ནས་ གོ་མིན་ཏང་ཚོགས་པའི་འོས་མི་ལས་ཐོག་སྲིད་འཛིན་མའ་དབྱིང་ཇའུ་ཡིས་འོས་ཤོག་ལ་གནོད་སྐྱོན་ཕོག་རྒྱུ་ཡིན་པའི་བསམ་ཚུལ་གསུང་གི་ཡོད་པ་དང་ གལ་སྲིད་སུང་ཁྲུའུ་ཡུས་ཀྱིས་འོས་བསྡུའི་ནང་གཞུག་ཚེ་ གོ་མིན་ཏང་ཚོགས་པའི་འོས་ཤོག་ཁག་ཅིག་ཁོང་ལ་ཐོབ་རྒྱུ་ཡིན་སྟབས་ ད་རེས་ཀྱི་འོས་འདེམས་ནང་གོ་མིན་ཏང་ཤོག་ཁག་ལ་ཕམ་ཉེས་འགྲོ་སྲིད་པའི་ཉེན་ཚབས་ཡོད་པ་རེད་ 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org