ཐེ་ལྦན་ཕྱོགས་ཚོགས་པའི་དབུ་ཁྲིད་གསར་འདེམས།

ཐེ་ལྦན་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་དབུ་ཁྲིད་དུ་གསར་འདེམས་བྱ་རྒྱུའི་གསལ་བསྒྲགས་རྩིས་ཡོད་པ།

༄༅༎ཐེ་ལྦན་གྱི་ཕྱོགས་འགལ་ཚོགས་པས་དབུ་ཁྲིད་གསར་པ་ཞིག་གདམ་རྒྱུ་ཡིན་འདུག རེས་གཟའ་ཉི་མའི་ཐའེ་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པས་ཚོགས་པའི་དབུ་ཁྲིད་གསར་པ་འོས་འདེམས་ཀྱིས་དེ་ནུབ་རང་གསལ་བསྒྲགས་གནང་རྩིས་ཡོད་འདུག། འདི་ལོ་ཕྱི་ཟླ་དང་པོའི་རྒྱལ་ཡོངས་འོས་བསྡུའི་སྐབས་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་  ཙའི་ ཨིངྒ་ལྦེན་(Tsai Ing-wen) བེུད་སྲིད་འཛིན་གྱིས་འོས་གཞིར་ཞུགས་པ་དང་པོ་ཡིན་ཡང་སྲིད་འཛིན་མྭ་ཡིང་ཇོ་(Ma Ying-jeou)ཕམ་ཉེས་བཏང་མ་ཐུབ་པར་བརྟེན།ད་ཆ་ཁོང་ཚོགས་པའི་དབུ་ཁྲིད་ནས་དགོངས་ཞུ་གནང་ཡོད་འདུག  ཚོགས་མི་འབུམ་གཅིག་དང་ཁྲི་དྲུག་ཡོད་པའི་ཕྱོགས་འགལ་ཚོགས་པས་  སྲིད་བློན་ཟུར་པ་སུ་ཙེང་ཆང་(Su Tseng-chang) ཚོགས་པའི་དབུ་ཁྲིད་གསར་པར་གདམ་རྩིས་ཡོད་འདུག། ཕྱི་ལོ་༢༠༠༨ལོ་ནས་སྲིད་འཛིན་ མྭ་ཇིནྗུ་ཡིས་སྲིད་གཞུང་གིས་རྒྱ་ནག་གཞུང་དང་བསྟུན་མཁས་ཀྱིས་ཚོང་འབྲེལ་གཙོས་པའི་གང་ཅིའི་འབྲེལ་ལམ་བཟང་དུ་བཏང་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org