རྒྱ་ནག་གི་ཡུལ་སྐོར་བར་དམངས་གཙོའི་ལམ་ལུགས་ངོ་སྤྲོད།

ཐེ་ལྦན་ནང་ཡུལ་སྐོར་དུ་ཡོང་མཁན་རྒྱ་རིགས་ཚོར་དམངས་གཙོའི་ལམ་ལུགས་ངོ་སྤྲོད་བྱེད་ཐབས་ཀྱི་བསམ་ཞིབ།

༄༅༎ཐེ་ལྦན་གཞུང་གིས་རྒྱ་ནག་ནས་ཐེ་ལྦན་ནང་ཡུལ་སྐོར་སྤྲོ་འཆམ་དུ་མི་སྒེར་གྱི་མིང་ཐོག་ནས་ཡོང་རྒྱུར་སྒོ་མོ་ཕྱེ་བའི་རྗེས་ཐེ་ལྦན་གྱི་དམག་དཔུང་དང་། དེ་མིན་གྱི་སྲིད་དོན་གནད་འགག་ཆེ་བའི་ས་ཁ་ཁག་ནང་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་གཏོང་གི་མེད་པ་རེད། ད་རེས་རྒྱ་ནག་གི་ས་ཁུལ་ཁག་ཅིག་ནས་སྒེར་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་ཐེ་ལྦན་ནང་ཡོང་རྒྱུར་སྒོ་མོ་ཕྱེ་བའི་རྗེས་ཐེ་ལྦན་གྱི་དམངས་གཙོ་དང་རང་དབང་ལྡན་པའི་ཆབ་སྲིད་ལམ་ལུགས་རྒྱ་ནག་སྐམ་ས་ཆེན་མོའི་མི་མང་ཚོར་བཏོན་ཐུབ་རྒྱུར་དམིགས་ནས་ ཐེ་ལྦན་གཞུང་གིས་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་དེ་དག་ཐེ་ལྦན་གྱི་གྲོས་ཚོགས་ནང་ལྟ་སྐོར་དུ་གཏོང་རྒྱུའི་བསམ་ཞིབ་གནང་བཞིན་པའི་སྐོར་གཟའ་སྤེན་པའི་ཉིན་ཐེ་ལྦན་གྱི་མཉམ་འབྲེལ་ཉིན་རེའི་ཚགས་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད། རྒྱ་ནག་ནས་ཐེ་ལྦན་ནང་ཚོགས་པ་མིན་པར་སྒེར་གྱི་མིང་ཐོག་ནས་ཐོག་མར་ཡོང་མཁན་ཡུལ་སྐོར་སྤྲོ་འཆམ་པ་མི་གྲངས་༡༡༠གཟའ་འཁོར་རྗེས་མ་ཐེ་ལྦན་ནང་འབྱོར་གྱི་ཡོད་པ་རེད། ཐེ་ལྦན་གྲོས་ཚོགས་ཀྱི་ཚོགས་གཙོ་ལྦང་ཅིང་བིང་གིས་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་ཐེ་ལྦན་གྲོས་ཚོགས་ནང་ལྟ་བསྐོར་དུ་གཏོང་རྒྱུ་དེས་ཐེ་ལྦན་གྱི་དམངས་གཙོ་དང་རང་དབང་ལྡན་པའི་ཆབ་སྲིད་ལམ་ལུགས་གང་འདྲ་བྱས་ནས་ལག་བསྟར་བྱེད་བཞིན་པ་དེ་རྒྱ་ནག་གི་མི་མང་ཚོས་མཐོང་ཐུབ་རྒྱུ་ཡིན་པའི་སྐོར་གསུང་བ་མཉམ་འབྲེལ་ཚགས་ཤོག་གིས་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་འདུག གཟའ་འཁོར་རྗེས་མའི་གཟའ་མིག་དམར་ནས་བཟུང་ཐེ་ལྦན་གཞུང་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་ གྲོང་ཁྱེར་ཧྲང་ཧད་་ཤག་མན་བཅས་ནས་སྒེར་གྱི་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་ཉིན་རེར་མི་གྲངས་ལྔ་བརྒྱ་ཐེ་ལྦན་ནང་གཏོང་རྒྱུ་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org