ཨ་མི་རི་ཀས་ཐའེ་ལྦན་ལ་དམག་གི་གནམ་གྲུ་ཚོང་བསྒྱུར་རེ་སྐུལ།
དེ་རིང་ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཅུ་ཡིས་ཨ་མི་རི་ཀས་ཐའེ་ལྦན་ལ་དམག་གི་གནམ་གྲུ་ཚོང་བསྒྱུར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།
-
2009-11-24 -
-
-
༄༅༎བར་ལམ་ནས་རྒྱ་ནག་དང་ཐའེ་ལྦན་བར་གྱི་འབྲེལ་ལམ་ཡར་རྒྱས་འགྲོ་བཞིན་ཡོད་པའི་རྣམ་པ་ཡོད་ཀྱང་ཐའེ་ལྦན་སྲུང་སྐྱོབ་འགན་སྲུང་ཐུབ་པའི་ཆེད་དུ་དེ་རིང་ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཅུ་ཡིས་ཨ་མི་རི་ཀས་ཐའེ་ལྦན་ལ་དམག་གི་གནམ་གྲུ་ཚོང་བསྒྱུར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།
སྲིད་འཛིན་མཱ་དབྱིང་ཅུ་ཡིས་ཐེ་དབན་གྱི་གཞུང་འཛིན་གནང་བ་ནས་བཟུང་རྒྱ་ནག་དང་ཐེ་དབན་བར་གྱི་འབྲེལ་ལམ་དེ་སྔ་དང་མི་འདྲ་བའི་ཡར་རྒྱས་ཀྱི་རྣམ་པ་ཡོད་ཀྱང་རྒྱ་ནག་ཕྱོགས་ནས་ཐའེ་ལྦན་ཐོག་ཁ་གཏད་དེ་མེ་ཤུགས་འཕུར་མདེལ་འགྲེམས་འཇོག་བྱས་པ་མ་ཟད། མང་དུ་གཏོང་གི་ཡོད་པའི་གནས་སྟངས་ཀྱིས་རྒྱ་ནག་དང་ཐེ་དབན་བར་གྱི་དམག་དོན་ནུས་སྟོབས་ཆ་མ་སྙོམས་པ་དེ་ཁ་གསབ་ཀྱི་ཆེད་དུ་སྲིད་འཛིན་མཱ་དབྱིང་ཅུ་ཡིས། ཐའེ་ལྦན་ནང་དུ་ཡོད་པའི་ཨ་མི་རི་ཀའི་ཕྱི་འབྲེལ་ལས་ཁང་གི་འགན་འཛིན་སྐུ་ཞབས་རེ་མེན་ཌི་གུར་ག་ཌེ་ལ་འབྲེལ་གཏུགས་ཞུས་ཏེ་ཨ་མི་རི་ཀས་དམག་གི་གནམ་གྲུ་ཚོང་བསྒྱུར་ཡོང་བའི་རེ་འདུན་ཞུས་ཡོད་ཅིང། དེ་སྔ་ཕྱི་ལོ་༡༩༧༩ ལོར་ཨ་མི་རི་ཀའི་གཞུང་འབྲེལ་གྱིས་ཐའེ་ལྦན་གྱི་ཚབ་ཏུ་རྒྱ་ནག་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པ་ནས་བཟུང་ཨ་མི་རི་ཀའི་ཕྱི་འབྲེལ་ལས་ཁུངས་དེའི་ཐོག་ནས། ཐའེ་ལྦན་དང་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་འབྲེལ་ལམ་བྱེད་མུས་ཡིན་པ་དང། ཨ་མི་རི་ཀའི་ཕྱོགས་ནས་རྒྱ་ནག་གཞུང་འབྲེལ་གྱིས་ངོས་འཛིན་གནང་བ་ཡིན་རུང་ཐའེ་ལྦན་རྒྱལ་སྲུང་གི་ཆེད་དུ་མུ་མཐུད་གོ་མཚོན་མཁོ་སྤྲོད་གནང་གི་ཡོད་པ་རེད། ཐའེ་ལྦན་ཕྱོགས་ནས་དེ་སྔོན་ཕྱི་ལོ་༢༠༠༧ ལོར་ཨ་མི་རི་ཀར་༦༦F རྟགས་ཅན་གྱི་མཁའ་དམག་གནམ་གྲུ་༡༦་ཚོང་བསྒྱུར་ཡོང་བའི་རེ་འདུན་ཞུས་ཡོད་ཀྱང། གནས་ཚུལ་དབྱེ་ཞིབ་པ་ཚོས་གསུངས་ན། གལ་ཏེ་ཨ་མི་རི་ཀས་དམག་གི་གནམ་གྲུ་དེ་རྣམས་ཐའེ་ལྦན་ལ་ཚོང་བསྒྱུར་བྱས་པ་ཡིན་ཚེ་རྒྱ་ནག་གཞུང་ཁོང་ཁྲོ་ལངས་དོགས་ཀྱིས་ད་ལྟ་བར་ཚོང་བསྒྱུར་མ་བྱས་པར་དེ་མུར་བཞག་དགོས་པའི་རྒྱུ་མཚན་ཡིན་པའི་དགོངས་ཚུལ་གསུང་གི་ཡོད་པ་རེད།